ཞིང་ཆེན་ཡོངས་ཀྱི་དང་བླངས་པའི་ཞབས་ཞུ་མཐུན་སྦྱོར་རྐྱེན་སྲོལ་གྱི2025ལོའི་ཚང་འཛོམས་གྲོས་ཚོགས་བསྡུས།

ཟླ4ཚེས15ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་དང་བླངས་པའི་ཞབས་ཞུ་མཐུན་སྦྱོར་རྐྱེན་སྲོལ་གྱི2025ལོའི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས།

གྲོས་ཚོགས་ལས་དང་བླངས་པའི་ཞབས་ཞུ་མ་ལག་འཛུགས་པ་ནི་དང་བླངས་ཞབས་ཞུ་བྱ་བའི་གཙོ་གནད་ཡིན་པར་བསྟན་ཞིང་། སྐུལ་སློང་མ་ལག་འཛུགས་པར་དམིགས་ཏེ་དང་བླངས་ཞབས་ཞུའི་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་གཏོང་དགོས། མཁོ་འདོན་མ་ལག་འཛུགས་པར་དམིགས་ཏེ་དང་བླངས་ཞབས་ཞུ་གནད་འཁེལ་ཅན་དང་། ཚོང་རྟགས་ཅན། རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གཙོ་སྐྱོང་མ་ལག་འཛུགས་པར་དམིགས་ཏེ། དང་བླངས་ཞབས་ཞུའི་ཡོངས་ཁེབས་ཚད་རྒྱ་བསྐྱེད་དགོས། རིག་གནས་མ་ལག་འཛུགས་པར་དམིགས་ཏེ་དང་བླངས་པའི་རིག་གནས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། འགན་སྲུང་མ་ལག་འཛུགས་པར་དམིགས་ཏེ་དང་བླངས་ཞབས་ཞུ་བདེ་ཐང་དང་གོ་རིམ་ལྡན་པས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་བསྣན་ཏེ། ཕན་འབྲས་མཐོ་བའི་སྒོ་ནས་མཐུན་སྦྱོར་གཅིག་འདོམས་དང་། ཕན་ནུས་ལྡན་པའི་སྒོ་ནས་སྟོབས་ཤུགས་སྡེབ་སྒྲིག་བྱེད་དགོས་ལ། ཏང་གིས་དང་བླངས་ཞབས་ཞུའི་མགོ་ཁྲིད་པའི་ལམ་ལུགས་དགེ་མཚན་དེ་བྱ་བའི་གྲུབ་འབྲས་དང་བྱེད་ནུས་སུ་འགྱུར་བར་བྱས་ནས། དང་བླངས་ཞབས་ཞུའི་ལས་དོན་སྐས་རིམ་གསར་བར་སླེབས་པ་དང་། རྣམ་པ་གསར་བ་འབྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུ་ལས་དོན་མཐུན་སྦྱོར་རྐྱེན་སྲོལ་བྱ་བའི་སྒྲིག་སྲོལ་དང་། མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུ་ལས་དོན་མཐུན་སྦྱོར་རྐྱེན་སྲོལ་གྱི2025ལོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུ་ལས་དོན་མཐུན་སྦྱོར་རྐྱེན་སྲོལ་གྱི2025ལོའི་ལས་འགན་ཁག་བགོས་གསལ་ཐོ་དང་། མཚོ་སྔོན་ཞིང་ཆེན་གྱི2025ལོའི་དང་བླངས་ཞབས་ཞུ་ཟླ་བའི་བརྗོད་དོན་གསལ་ཐོ་ཁྱབ་བསྒྲགས་བྱས།

ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤེལ་བའི་དུས་རབས་གསར་བའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་ཚུལ་ཁྲོད་དང་བླངས་ཞབས་ཞུའི་ལས་དོན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་པའི་སྐོར་གྱི་བླང་བྱ་གཞིར་བཟུང་སྟེ། རང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་ཞེ་གཅིག་ལྷག་གིས་གྲུབ་པའི་དང་བླངས་ཞབས་ཞུ་ལས་དོན་གྱི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཤིང་། ཞིང་ཆེན་ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་སྣེ་ཁྲིད་ཀྱི་འགན་ཁུར་ཞིང་། འབྲེལ་ཡོད་སྡེ་ཁག་དང་ཚོགས་ཁག རྩ་འཛུགས་བཅས་ཀྱིས་རང་སོ་སོའི་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་མཉམ་དུ་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号