མཚོ་སྔོན་གྱིས་གནས་སྐོར་པ་མང་བའི་དུས་སྐབས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འགོག་ཟོན་བྱ་བར་བཀོད་སྒྲིག་བཟང་བོ་བྱས།

ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གནས་སྐོར་པ་མང་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དབྱེ་ཞིབ་བརྡར་གཅོད་གྲོས་ཚོགས་བསྡུས་ནས། བཟའ་བཏུང་དང་སྡོད་ཁང་། ཕྱིར་བགྲོད། ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ་དང་སློབ་སྦྱོང་སོགས་རྣམ་པ་ཆེན་པོ་བདུན་ལ་དམིགས་ཏེ། ཡུལ་སྐོར་པ་མང་བའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་དང་ཉེན་ཁར་དབྱེ་ཞིབ་ཟབ་མོ་བྱས་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་འགོག་ཟོན་གྱི་བྱ་བ་གཙོ་བོར་བཀོད་སྒྲིག་བཟང་བོ་བྱས།

ཚོགས་ཐོག་ནས། ཡུལ་སྐོར་པ་མང་བའི་དུས་སྐབས་ཐོན་ལ་ཉེ་བ་དང་། རིག་གནས་ཡུལ་སྐོར་མ་ལག་གི་ལས་ཁུངས་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་སྔོན་དུ་བཀོད་སྒྲིག་བྱེད་པ། ཡུལ་སྐོར་པ་མང་བའི་དུས་སྐབས་ཀྱི་ཉེན་ཁ་སྔོན་གཅོད་གསལ་ཕྲར་དམིགས་ནས། སྟོབས་ཤུགས་ཡོད་རྒུས་མི་སྣ་འདུ་ཚད་མང་བའི་ཡུལ་གནས་ཀྱི་མེ་འགོག་བདེ་འཇགས་དང་ཡུལ་སྐོར་དང་འབྲེལ་བའི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས། རྩེད་འཇོའི་སྒྲིག་ཆས་དང་ལས་གཞིའི་བདེ་འཇགས། རིག་གནས་ཡུལ་སྐོར་གྱི་བྱེད་སྒོའི་ཆེ་རིགས་ཀྱི་བདེ་འཇགས། ཐལ་དྲགས་གནམ་གཤིས་ཐད་ཀྱི་བདེ་འཇགས་འགོག་ཟོན། ས་གཤིས་གནོད་འཚེའི་བདེ་འཇགས་འགོག་ཟོན། བོགས་བླངས་རླངས་འཁོར་གྱི་བདེ་འཇགས་སོགས་གཙོ་གནད་བྱ་བ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་པ་མང་བའི་དུས་སྐབས་སྔོན་བསུ་བྱེད་དགོས།

ཚོགས་ཐོག་ཏུ། རིག་གནས་ཡུལ་སྐོར་མ་ལག་གི་ལས་ཁུངས་སོ་སོས་མིག་སྔར་གྱི་བདེ་འཇགས་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས། མཉམ་སྡོམ་མཉམ་འཛིན། འགན་འཛོལ་རྩད་གཅོད་དང་དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་རེ་བ་ལྟར། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས། བདེ་འཇགས་ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་བདེ་འཇགས་ཉེན་ཁ་མེད་པར་བཟོ་བ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་དོ་དམ་བཟང་བོ་བྱེད་དགོས། གནམ་གཤིས་དང་འགྲིམ་འགྲུལ། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དྲག་ཆར་དང་ཆུ་ལོག རི་ཉིལ་བ་སོགས་ཡུལ་སྐོར་གནོད་འཚེ་དང་འབྲེལ་བའི་ལྟ་ཞིབ་སྔོན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱེད་པ། དུས་ཐོག་ཏུ་ཡུལ་སྐོར་ཉེན་བརྡའི་ཆ་འཕྲིན་བསྒྲགས་ནས། ཡུལ་སྐོར་པ་དང་ཡུལ་སྐོར་ཁེ་ལས་ཀྱིས་བདེ་འཇགས་ཉེན་ཁ་སྔོན་འགོག་བྱེད་པ་དང་ཉེན་གཡོལ་བྱེད་པར་སྣེ་ཁྲིད་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རུ་ཁག་ཁྲིད་པ་དང་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆ་འཕྲིན་བརྒྱུད་སྐྱེལ་གྱི་ལམ་བུ་གེགས་མེད་བྱེད་པ། བདེ་འཇགས་ཉེན་ཁའི་ཉེན་བརྡ་བཀག་སྡོམ་ཐད་ཤུགས་བསྣན་ནས། ཉེན་ཁ་བྱུང་ཚེ་མྱུར་དུ་དང་ལེན་བྱེད་ཐུབ་པ་དང་ནུས་པ་ལྡན་པར་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号