ཧྲན་ཏུང་གིས་མཚོ་སྔོན་མཚོ་བྱང་ཁུལ་གྱི་མདོ་ལ་རྫོང་ལ་རོགས་སྐྱོར་བྱས་ཏེ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་།
ཟླ4བའི་ཚེས15ཉིན། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱིས་རིམ་བསགས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར4བྱེ་བ6ལྷག་བཏང་བ་དང་། རོགས་སྐྱོར་རྣམ་གྲངས59ལག་བསྟར་བྱས་ལ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྐོར་ཐེངས་མང་པོ་མངགས་གཏོང་བྱས་པ་དང་། རོགས་སྐྱོར་ཁྱབ་ཁོངས་ནང་ཐོན་ལས་དང་སྨན་བཅོས། སློབ་གསོ་སོགས་ཚུད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཁ་སྣོན་བྱས་ཡོད།
ཤེས་གསལ་ལྟར་ན། མདོ་ལ་རྫོང་གི་སློབ་སྒྲུབ་ཆ་རྐྱེན་བཅོས་སྒྱུར་བྱེད་ཆེད། པིན་ཀྲོའུ་གྲོང་ཁྱེར་གྱིས་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་བརྒྱད་བཏང་སྟེ་སློབ་གྲྭ་མང་པོ་ཞིག་འཛུགས་སྐྲུན་བྱས་པ་དང་། དཔེ་མཛོད་ཁང་དང་སྒྲིག་ཆས་འཐུས་ཚང་དུ་བཏང་ལ། ཕྱོགས་སོ་སོར་མཐུན་སྦྱོར་བྱས་ཏེ་རིན་ཐང་སྒོར་ས་ཡ་ལས་བརྒལ་བའི་སློབ་ཁྲིད་སྒྲིག་ཆས་དང་དཔེ་ཆ་ཞལ་འདེབས་སུ་ཕུལ། དེ་དང་ཆབས་ཅིག སེམས་བརླན་སློབ་མའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། སེམས་ཁམས་བདེ་ཐང་གི་བྱ་བའི་མ་ལག་འཛུགས་སྐྲུན་བྱས། དེ་མ་ཟད། པིན་ཀྲོའུ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པའི་མདོ་ལ་རྫོང་གི་དཔེ་མཛོད་ཁང་ནང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་གྱིས་རང་འགུལ་ངང་བཙུགས་པའི་དང་བླངས་པའི་ཞབས་ཞུ་ལས་གནས་ཡོད་ལ། གཟའ་འཇུག་གི་དུས་ཚོད་བེད་སྤྱོད་བྱས་ཏེ་མི་གསར་བ་གསོ་སྐྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་།བྱ་འགུལ་ནང་དོན་ལ་སློབ་གསོ་རོགས་སྐྱོར་དང་། འཚོ་བའི་འཆར་འགོད་མཛུབ་ཁྲིད། སེམས་ཁམས་བདེ་ཐང་མཛུབ་ཁྲིད་དང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་བཅས་ཚུད་ཡོད། སློབ་གསོ་མཉམ་འབྲེལ་གྱི་ཕྱོགས་ནས་ས་གནས་གཉིས་ཀྱིས་ཧྲན་ཏུང་ཞིང་ཆེན་གྱི་སློབ་གསོའི་ཐོན་ཁུངས་བཟང་པོའི་ནུས་པ་འདོན་སྤེལ་གངས་ལེགས་བྱས་ཏེ། ཁྲིད་དཔྱོད་སྤེལ་རེས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་། མདོ་ལ་རྫོང་གིས་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང39དང་པིན་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ40ལྷག་གིས་དུས་མཉམ་བཞི་ཡི་སློབ་ཁྲིད་ཞིབ་འཇུག་མ་ལག་མངོན་འགྱུར་བྱུང་ལ། སློབ་གྲྭ་ཆུང་འབྲིང12ཀྱིས་པིན་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ་བཟང་བོ་དང་ཟུང་འབྲེལ་བྱས་ཏེ། མི300ལྷག་པིན་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་དུ་ཕྱིན་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་མི260ལྷག་གསོ་སྦྱོང་སྤེལ་རེས་བྱས། པིན་ཀྲོའུ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པའི་ནང་ལོགས་ལ་སྐྱེལ་བའི་མཐོ་རིམ་འཛིན་གྲྭའི་སྦྱང་འབྲས་བཟང་པས། ལོ་མང་པོར་རྒྱུན་མཐུད་ངང་ཚད་ཐིག་ཏུ་བསླེབས་ཚད་མཐོ་བ་དང་སློབ་མ་མང་པོ་ཞིག་སློབ་གྲྭ་མིང་གྲགས་ཅན་གྱིས་བསྡུ་ལེན་བྱས།
ལོ་མང་པོའི་རིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་དཀའ་ཁག་མང་པོ་སེལ་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྙིང་སྟོབས་ལག་ལེན་བསྟར་ཏེ། སློབ་གསོའི་ཐོན་ཁུངས་བཟང་པོ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མདོ་ལ་རི་བོའི་འདབས་རོལ་དུ་མི་སེམས་འགུལ་ལ་དྲོད་ཁོལ་ལྡན་པའི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལེའུ་འབྲི་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注