མཚོ་སྔོན་མཚོ་ནུབ་དང་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད།

ཟླ3པའི་ཚེ24ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་གཏེར་ལེན་ཁ་རུ་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པའི་འཐབ་ཇུས་ཀྱི་དམིགས་འབེན་ལ་གཞིགས་ནས། ལག་རྩལ་དང་ཐོན་ཁུངས། འཇོན་མི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་པ་དང་། གྲོས་ཆོད་བཀོད་པ་དེས་སྲིད་གཞུང་དང་ཁེ་ལས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པའི་ལེའུ་གསར་བའི་མགོ་བརྩམས།

གྲོས་ཆོད་ལྟར་ན། ཕྱོགས་གཉིས་ཀྱིས་དགེ་མཚན་གསབ་རེས་དང་གཉིས་ཁེ་གཉིས་ཕན། ཡུན་རིང་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ནས། མཚོ་ནུབ་ཀྱི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་གཞི་བཅོལ་བ་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། བྱེ་ཐང་གི་རྟེན་གཞི་ཆེན་མོའི་ལས་གཞི་དང་། གློག་ཁུངས་དང་གློག་དྲ། ཐེག་རྩོལ་དང་ནུས་གསོག་བཅས་གཞི་གཅིག་ཅན་དང་། རླུང་གློག་དང་ཚ་ནུས། ཆུ་འདོན་ནུས་གསོག་བཅས་ཀྱི་ལས་གཞི། རྣམ་པ་གསར་བའི་ནུས་གསོག་དང་།   ནུས་ཁུངས་གསར་བའི་གློག་གསོག་བརྗེ་སྤོར། གློག་དྲ་ཆུང་གྲས། ཐཱན་མེད་ཐོན་ལས་གླིང་དང་། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིད་ཕྱོགས་སུ་བྱས་པའི་ནུས་ཁུངས་གསར་བ་གསར་སྤེལ་ལས་གཞི་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། རླུང་གློག་ཆུ་མེ་གཞི་གཅིག་ཅན་དང་ནུས་དྲ་རྩོལ་གསོག་གཞི་གཅིག་ཅན་སོགས་ཀྱི་ཁྱབ་ཁོངས་སུ་རིམ་པ་ཟབ་པའི་མཉམ་ལས་སྤེལ་བ་དང་། མཚོ་ནུབ་ཁུལ་གྱི་ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་བར་འབད་པ་བྱེད་ལ། ལག་རྡང་སྦྲེལ་ནས་ས་གནས་དང་ཁེ་ལས་མཉམ་ལས་ཀྱི་དཔེ་མཚོན་གསར་བ་འབྲི་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号