དཔའ་ལུང་ཐ་རྒྱ་ཞང་དུ་བོད་སྡེ་རྙིང་པའི་སྲོལ་རྒྱུན་གྱི་ཐོང་ག་འབྱེད་པའི་ཆོ་ག་སྤེལ།

ཟླ3པའི་ཚེས18ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཞང་དུ“བོད་སྡེ་རྙིང་པའི་གསང་བ་འཚོལ། རྨོ་འདེབས་རིག་གནས་རྒྱུན་འཛིན་བྱེད”ཅེས་པའི་ཐོང་ག་འབྱེད་པའི་ཆོ་ག་སྤེལ་ལ། དེས་ལོ་གསར་པའི་དཔྱིད་རྨོའི་ཐོན་སྐྱེད་དངོས་སུ་མགོ་བརྩམས་པ་མཚོན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཐ་རྒྱ་ཞང་ནི་བོད་རིགས་མང་ཚོགས་འདུས་སྡོད་བྱས་ཤིང་སྲོལ་རྒྱུན་སྲུང་འཛིན་བྱས་པ་ལྟོས་འཇོག་གི་ཆ་ཚང་ཡིན་པའི་གྲོང་སྡེ་ཞིག་ཡིན། ཐོང་ག་འབྱེད་པའི་དུས་ཆེན་དེ་ནི་ས་གནས་དེ་གའི་ལོ་རེའི་ཁྲོད་དུ་ཆེས་གལ་ཆེ་བའི་དུས་ཆེན་ཁྲོད་ཀྱི་གཅིག་ཡིནཉིན་དེར། བོད་རིགས་ཕོ་མོ་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་། སྲོལ་རྒྱུན་ལྟར་གླང་གཉིས་ལ་གཤོལ་འཁུར་དུ་བཅུག་ནས་དཔྱིད་ཀའི་རྨོ་འདེབས་ཀྱི་ལོག་ཐོག་མ་རྒྱག་པ་དང་། ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ་བའི་སྨོན་འདུན་ཞུ་བ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号