རང་ཞིང་གིས་ས་མུའུ་འབུམ་གཉིས་ལ་དཔྱིད་ཆུ་འདྲེན་པའི་འཆར་གཞི་བཟོས་ཡོད།

མཚོ་སྔོན་ཞིང་ཆེན་བསྟུད་མར་དཔྱིད་ཆུ་འདྲེན་པའི་དུས་སྐབས་ལ་སླེབས་ཡོད་ལ། དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཐད་ཆུ་མཁོ་བའི་དགོས་མཁོར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཆུ་བེད་ཐིན་གྱིས་ཆུ་མ་ཡོང་གི་རགས་ཟེར་བའི་དཔེ་ལྟར་དུ། དཔྱིད་ཆུ་འདྲེན་པའི་བྱ་བར་འགན་སྲུང་དང་བཀོད་སྒྲིག་བྱས། སྤྱི་བསྡོམས་བྱས་པ་ལྟར་ན། ཉིས་སྟོང་ཉེར་ལྔ་ལོར་ཞིང་ཆེན་ཡོངས་ཀྱིས་འཆར་གཞི་ལྟར་ན་ས་མུའུ་འབུམ་གཉིས་ལ་དཔྱིད་ཆུ་འདྲེན་རྒྱུ་ཡིན་ལ། དཔྱིད་ཆུ་འདྲེན་པར་ཆུ་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་གསུམ་ཙམ་དགོས། མིག་སྔར་ཞིང་ཆེན་ཡོངས་ཀྱི་དཔྱིད་ཆུ་འདྲེན་པར་འགན་ཁུར་ཡོད་པའི་ཆུ་མཛོད་དུ་ཆུ་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་འབུམ་ལྔ་ཁྲི་གསུམ་གསོག་ཡོད་ལ། ནུས་པ་ཡོད་པའི་སྒོ་ནས་དཔྱིད་ཆུ་འདྲེན་པར་མཁོ་བའི་ས་མུའུ་བྱེ་བ་གཉིས་ལ་འགན་སྲུང་བྱེད་ཐུབ།

ཤེས་གསལ་ལྟར་ན། དཔྱིད་ཆུ་འདྲེན་པར་འགན་སྲུང་བྱ་ཆེད་ཞིང་ཆེན་ཆུ་བེད་ཐིན་གྱིས་ཉིས་སྟོང་ཉེར་ལྔ་ལོར་ཞིང་ཆེན་ཡོངས་ཀྱི་དཔྱིད་ཆུ་འདྲེན་པའི་འབྲེལ་ཡོད་བྱ་བའི་བརྡ་ཐོ་དཔར་ནས་བཀྲམ། གོ་རིམ་ཡོད་པའི་སྒོ་ནས་དཔྱིད་ཆུ་འདྲེན་པའི་བྱ་བ་བཀོད་སྒྲིག་དང་རེ་བ་བཏོན་ནས། ས་གནས་སོ་སོའི་ངེས་པ་དོན་གྱིས་ནུས་པ་ཡོད་པའི་སྒོ་ནས་དཔྱིད་ཆུ་འདྲེན་པར་ལྟ་སྐུལ་དོ་དམ་བྱེད་པ་དང་། དཔྱིད་འདེབས་ཐོན་སྐྱེད་བྱེད་པར་ཆུ་བཀོད་བར་ཚད་མཐོན་པོའི་འགན་སྲུང་བྱས་ཏེ། གཏན་པོའི་ངང་གོ་རིམ་ཡོད་པའི་སྒོ་ནས་ཆུ་བཀོད་བ་དང་། དཔྱིད་ཆུ་འདྲེན་པའི་ནུས་པ་ཇེ་མཐོར་བཏང་སྟེ། དཔྱིད་ཆུ་འདྲེན་པའི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབ་རྒྱུར་འགན་སྲུང་བྱེད་དགོས། རྫོང་རིམ་པའི་ཆུ་བེད་ལས་ཁུངས་ཀྱིས་དཔྱིད་ཆུ་འདྲེན་པའི་འཆར་གཞི་དང་བྱེད་ཐབས་བཟོ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། དཔྱིད་ཆུ་གཏོང་ཁུལ་འབྲིང་གྲས་ཀྱི་ཆུ་འདྲེན་གཏོང་གི་རྩིས་ཐོར་དོ་དམ་བྱེད་པ་དང་། ཆུ་འདྲེན་གཏོང་གི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱེད་པ། ཆུ་འདྲེན་གཏོང་གི་ཡུར་བུའི་མ་ལག་དང་སྒྲིག་བཀོད་སྐྲིག་ཆས་ཞིབ་བཤེར་ཉམས་གསོ་བྱེད་པ། བྱེད་ཐབས་སྣ་མང་སྤྱད་ནས་མ་དངུལ་གྲབས་གསོག་བཅས་བྱས་ཏེ། ཆུ་འདྲེན་པའི་སྒྲིག་བཀོད་དང་ཆུ་གློག་སྒྲིག་ཆས་ཉམས་གསོ་དང་བདག་སྐྱོང་བྱེད་པ། ཆུ་ལམ་གཙང་སེལ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། ཆུ་འདྲེན་པའི་བྱ་བ་བདེ་ལེགས་ངང་འཁོར་སྐྱོད་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།

དུས་མཚུངས་སུ་གནམ་གཤིས་ཧ་ཅང་ངན་པའི་དོན་རྐྱེན་ཇེ་མང་དུ་འགྲོ་བར་ཚད་མཐོའི་དོ་སྣང་བྱེད་པ་དང་། ཆར་པ་འབབ་ཚུལ་དང་། བཟོ་ལས་ཀྱི་གནས་ཚུལ། ཞིང་ལས་ཀྱི་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གནམ་གཤིས་ཀྱི་འགྱུར་ལྡོག་དང་ལོ་ཏོག་འདེབས་འཛུགས་ཀྱི་གྲུབ་ཚུལ། ཞིང་ཆུ་འདྲེན་པའི་ཞིང་སའི་གནས་ཚུལ་ལྟར་ཆུའི་ཐོན་ཁུངས་སྙོམ་སྒྲིག་བྱས་ཏེ། སྔོན་དཔག་ལྟར་ཆུ་འདྲེན་པ་སོགས་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། འབྱུར་སྲིད་པའི་དོན་རྐྱེན་སྣ་ཚོགས་ལ་དམིགས་ནས་ཁ་གཏད་འཇལ་ཐབས་དང་བབ་བསྟུན་བྱེད་ཐབས་འདོན་དགོས།

གཞན་ད་རུང་དཔྱིད་དུས་ཆུ་འདྲེན་པ་དང་ལོ་ཧྲིལ་བོར་ཞིང་ལས་ཐོན་སྐྱེད་ཐད་ཀྱི་ཆུ་མཁོ་བའི་དགོས་མཁོ་ལྟར། མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཁག་གིས་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆ་དང་ཆུ་སྤྱོད་མཁན་གྱི་ཁྱིམ་ཚང་གི་ཆུ་སྤྱོད་པའི་དགོས་མཁོ་ཁོང་དུ་ཆུད་པར་བྱས་ཏེ་ད་ཡོད་ཀྱི་ཆུ་གསོག་པའི་ནུས་པ་དང་ཆུ་མཁོ་འདོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号