སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་མཐོ་སྒང་གི་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་རྒྱས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་ལ་རི་བོའི་འདབས་སུ། སྒྲོག་འགྲེལ་ཅིག་གིས་མཐོ་སྒང་དུ་དཔྱིད་ཀྱི་རང་མདངས་ལ་གསོན་ཤུགས་རྒྱས་སུ་བཅུག ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དོན་དེ་གྲོས་ཚོགས་ཁང་ནས་གངས་རིའི་རྩྭ་ཐང་དུ་སྒྲོག་པའི་སྐབས་སུ། གསར་འགོད་པས་མཐོང་བ་ནི་སྲིད་ཇུས་བརྒྱུད་སྒྲོག་གཅིག་པུ་མིན་པར། གཞི་རིམ་བཅོས་སྐྱོང་གི་དྲོད་ཁོལ་དང་བློ་གྲོས་ཡིན་པ་རེད།
སྒྲོག་འགྲེལ་ཚོགས་འདུ་དེར་ཡིག་ཆ་ལྟར་སྒྲོག་འགྲེལ་བྱེད་པ་མིན་པར། ཡིག་ཆ་དེ་འབྲོག་པ་མང་ཚོགས་ཀྱིས་ཉན་སྤྲོ་བའི་འཚོ་བའི་སྐད་ཆ་ཡིས་བཤད་ཡོད། མ་བུའི་བདེ་སྲུང་ཁང་གི་ལས་བྱེད་པས“གཟན་རྩྭ་འདེབས་འཛུགས”ཀྱིས་འབྲོག་ལས་ཀྱི་དཀའ་གནད་ལ་དྲིས་ལན་བཏབ་སྟེ།“སྐྲན་གཉིས་ཞིབ་བཤེར”གྱིས་བདེ་ཐང་གི་བརྩེ་བ་བརྒྱུད་སྐུར་བྱས། སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ལས་སྒྲུབ་མི་སྣས་སྡེ་མིའི་ལས་ཞུགས་གསོ་སྦྱོང་བྱེད་པའི་བརྡ་བཏང་སྟེ། སྡེ་མི་ཚོའི་ལག་ཤེས་སྦྱངས་ནས་རྗེས་མར་ཡོང་སྒོ་ལེགས་པོ་ཞིག་བཙལ་བའི་རེ་བ་བཏོན། མངགས་གཏོང་ཁང་གི་ཉེན་རྟོག་པས“དྲ་རྒྱའི་བདེ་འཇགས”དེ་རང་གི་གསང་བ་ཕྱིར་ཤོར་བའི་མངགས་བཅོལ་བཏང་། སྲིད་ཇུས་སྒྲོག་འགྲེལ་དེ་ཤོག་བུའི་སྟེང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཏུ་བསྐྱོད་ཅིང་། ཡིག་ཆའི་ཁྲོད་ཀྱི་ཡིག་འབྲུ་རེ་རེར་དོན་འཁྱོལ་བྱེད་པའི་གདངས་དབྱངས་འཁྱིལ།
སྐོར་ཞིབ་རླངས་འཁོར་དེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་ཁུལ་དུ་སྐྱོད་སྐབས། ཁ་བའི་ཁྲོད་ཀྱི་སྲོག་ཆགས་ཀྱི་རྐང་རྗེས་དང་སྒྲོག་འགྲེལ་ཚོགས་འདུའི་སྟེང་གི“རྩྭ་ཕྱུགས་དོ་མཉམ”གཉིས་ཕན་ཚུན་གཅིག་ལ་འབྲེལ་ཡོད། སུང་ཅིའི་ཁོའུ་ཡི་བཤད་པའི་སྐད་ཆ་སྟེ།“སྲིད་ཇུས་དོན་འཁྱོལ་ཡོང་བར་བྱས་ནས། བུ་རབས་ཚ་རྒྱུད་ལ་སྔོ་ལྗང་གི་རི་ཆུ་བསྐྱུར”ཞེས་པ་དེས་འབྲོག་ཁུལ་འཕེལ་རྒྱས་ཀྱི་སྙིང་བོ་གསལ་བོར་བཤད་ཡོད། འབྲོག་པ་མང་ཚོགས་ཀྱིས་ཤེས་གསལ་ལྟར། ཕྱུགས་འགོག་ཁ་གསབ་དང་། རྩྭ་ས་སླར་གསོ་ནི་སྲིད་ཇུས་བླང་བྱ་གཅིག་པུ་མིན་པར། འཚོ་སྐྱོང་དཔལ་ཡོན་དང་རང་བྱུང་མཉམ་གནས་ཀྱི་འབྲེལ་བ་རྒྱུན་སྐྱོང་བའི་གནད་འགག་ཡིན་པ་རེད།
མཚོ་འཕགས་མཐོ་ཚད་སྨི3000གི་རྩྭ་སའི་སྟེང་དུ། སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས་ཟ་མ་བཟའ་ཁོམ་མེད་པར་འགྲོ་བའི་སྐོར་ཞིབ་རུ་ཁག་མཐོང་བར། གསར་འགོད་པས་ཀྲུང་དབྱང་གི་ཡིག་ཆ་དེ་རྩྭ་ཐང་དུ་མགོ་རྩོམ་པའི་ནང་སྙིང་རྟོགས་ཤིང་། དེ་ནི་གཞུང་ཡིག་གཅིག་པུ་མིན་པར། ལས་བྱེད་པ་དང་མང་ཚོགས་བར་སྒྲིག་བཟོ་བྱས་པའི་དྲ་བ་ཞིག་ཡིན་ལ། སྣེ་གཅིག་རྒྱལ་ཁབ་འཐབ་ཇུས་ཀྱི་ཞིབ་བརྗོད་ཅིག་དང་འབྲེལ་ཞིང་། སྣེ་ཅིག་ཤོས་དེ་སྡེ་མིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་། གངས་རིའི་སྐོར་ཞིབ་ཀྱི་བསུབ་མེད་ཀྱི་རྐང་རྗེས་ཡིན་པ་རེད། འདི་ལྟ་བུའི་སྲིད་ཇུས་སྒྲོག་འགྲེལ་གྱིས་མཐའ་མར་མཐོ་སྒང་དུ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་རྒྱས་སུ་འཇུག་པར་ཐེ་ཚོམ་ཅི་ཡང་མེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注