འགན་འཁྲི་ནན་སྒྲུབ་ཀྱིས་ཁག་ཁུར་དང་དུ་བླངས། ཐབས་འདོན་ཇུས་འབུལ་ལས་ཐོག་མའི་བསམ་འདུན་མངོན།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་མཉམ་པར་ལེན་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཀྲ་ཤིས་དོན་གྲུབ(གཡོན)དང་། སྒྲོལ་དཀར(དབུས) ཟླ་བ་དོན་གྲུབ(གཡས)བཅས་ཀྱིས་ཚོགས་འདུ་མ་འཚོག་གོང་འགན་འཁྲི་བསྒྲུབས་ཚུལ་ཐད་བསམ་ཚུལ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྤེན་པ་ལྷ་མོས(གཡས)ཚོགས་འདུ་མ་འཚོག་གོང་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་མགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ར་ནས་ཕྱིར་ཐོན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པད་མ་གཡུ་སྒྲོན(གཡས)གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཟླ་བ་དོན་གྲུབ(གཡས)ཀྱིས་གསར་འགོད་པར་འགན་འཁྲི་བསྒྲུབས་ཚུལ་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པ་སངས་སྒྲོལ་མ(གཡོན)དང་། ཧྭ་ཏེ་སྨི(དབུས) ཀྲང་ཞའོ(གཡས)བཅས་ཀྱིས་ཚོགས་འདུ་མ་འཚོག་གོང་འགན་འཁྲི་བསྒྲུབས་ཚུལ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཨུ་ཡོན་གཞན་དག་གིས་མཉམ་པར་ལེན་པའི་རྣམ་པ་རེད།
པར་འདི་ནི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་སྨྱན་བྱད་གསར་འགོད་པར་ལག་པ་གཡུག་གཡུག་བྱས་ནས་གུས་འདུད་བྱེད་བཞིན་པའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན26གིས་ལྗོངས་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ཏེ། ལས་རིགས34ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2100ལྷག་དང་མཉམ་དུ་འདུ་ཚོགས་གཟབ་རྒྱས་ལ་ཞུགས་པ་རེད།
“ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཡག་པོ་ཞིག་བྱས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ”དང“ཨུ་ཡོན་གྱི་འགན་འཁྲི་ནན་མོ་བསྒྲུབས་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ”ལ་སོགས་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་སྤྲོ་སེམས་འཁོལ་བའི་ངང་འགན་འཁྲི་སྒྲུབ་པ་དང་། བྱ་གཞག་སེམས་ལ་འཆང་བཞིན་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ། ཐབས་ཇུས་དངོས་འདོན་པ་དང་། ཇུས་བཟང་འདོན་པ། ཐབས་ཇུས་གནད་འཁེལ་འདོན་པ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཚོགས་འདུའི་རིང་། ལས་རིགས་སོ་སོའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྔར་བས་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་རང་རྟོགས་དང་། སྔར་བས་སྤྲོ་སེམས་འཁོལ་བའི་བསམ་པའི་ཉམས་འགྱུར། སྔར་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་བསྟུན་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། གྲོས་འདོན་ཇུས་འབུལ་བྱས་ནས་ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་ཆེད་བོད་ལྗོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注