རྒྱལ་ཡོངས་ཚོགས་འདུ་གཉིས་ནང་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིན་དུ་འབྱོར་བ།

པར་འདི་ནི་རྒྱལ་ཡོངས་ཚོགས་འདུ་གཉིས་ནང་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་གནམ་གྲུར་བསྡད་ནས་རྒྱལ་ས་པེ་ཅིན་དུ་འབྱོར་བའི་རྣམ་པ་རེད། 

པར་འདི་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་དེ་བགྲོད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཚོགས་འདུ་གཉིས་ནང་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་གནམ་གྲུར་བསྡད་ནས་རྒྱལ་ས་པེ་ཅིན་དུ་འབྱོར།

པེ་ཅིན་དུ་འགྲོ་བའི་ལམ་བར་དུ་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་ཚོགས་འདུའི་སྔོན་གྱི་གཞི་རིམ་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་ཟབ་མོ་བྱས་ཤིང་། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“གསར་གཏོད་བཞིར”ཤུགས་འདོན་པའི་ཐད་སྤྲོ་སེམས་འཁོལ་བའི་སྒོ་ནས་གྲོས་བསྡུར་བྱས།

“ཐེངས་འདིར་ངས་བོད་ལྗོངས་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཀྱི་གསུང་སྐད་སྙན་མོ་བརྒྱུད་སྒྲོག་བྱ་རྒྱུ་ཡིན་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་འཐབ་ས་དང་པོའི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་སེམས་གཏམ་ཡར་ཞུ་བྱ་རྩིས་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མས་བཤད།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ་བོད་ལྗོངས་ཀྲུང་ཡོན་ཨར་ལས་རྒྱུ་ཆས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱིས་དེང་སྐབས་ཀྱི་ཨར་ལས་རྒྱུ་ཆས་ཁྲོམ་ར་དང་ལས་རིགས་འདིའི་སྤུས་ཚད་དོ་དམ་ཤུགས་སྣོན་ལ་དམིགས་ཏེ་གྲོས་འཆར་ཁ་ཤས་གྲ་སྒྲིག་བྱས་ཡོད་ལ། འབྲེལ་ཡོད་ཁྲིམས་སྲོལ་འཐུས་ཚང་དང་ཇེ་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་བཤད།

“ཕྲག་སྟེང་གི་འགན་འཁྲི་ཡང་མོ་ག་ལ་ཡིན།”རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བ་ཚེ་རིང་གིས་རྟོག་ཞིབ་བྱེད་སྐབས་བསྐྱོན་པའི་ཁ་པར་ནང་གི་པར་ལ་ལྟ་བཞིན་གསར་འགོད་པར། ཐེངས་འདིའི་ཚོགས་འདུར་མ་ཞུགས་གོང་ང་རང་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་འཐབ་ས་དང་པོའི་རྫོང་དང་ཤང་། གྲོང་ཚོ་ཁག་ཏུ་ཡང་བསྐྱར་འཚམས་འདྲིར་ཕྱིན་པ་ཡིན། གཞི་རིམ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ། འབྱུང་འགྱུར་ལའང་རེ་སྒུག་སྔར་ལས་མང་པོ་བྱེད་ཀྱིན་ཡོད། “ཐེངས་འདིའི་ཚོགས་འདུར་ངས་ཚོགས་འདུའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་ལས་ཆོད་ཡོད་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱས་ནས། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་གང་ལེགས་སྒོས་ཨ་ལན་སློག་རྒྱུ་ཡིན”ཞེས་བཤད། 

ཕྱི་དྲོའི་ཆུ་ཚོད་གཅིག་ཡས་མས་སུ་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་སྡོད་ཡུལ་དུ་འབྱོར་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད། འཐུས་མི་རྣམས་ཀྱིས་ཚོགས་འདུའི་རིང་ནན་ཏན་སྒོས་རང་འགན་གཙང་སྒྲུབ་དང་སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱས་ཏེ། ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号