མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལས་ཝུའུ་ཞའོ་ཅུན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། ལའོ་ཏུང་ཁྲོན་དང་ཝང་ལི་མིན་གཉིས་ཚོགས་གཙོ་གཞོན་པར་བདམས།


གྲོས་ཚོགས་སྟེང་། མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་མོས་མཐུན་བྱུང་།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཡག་པོར་འཚོགས་ན། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་སློང་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོར་རྩོམ་པར་རྨང་གཞི་འདིང་བར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ། ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་འདོད་བློ་གཉིས་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་ལེགས་པོར་མངོན་དགོས། ཁྲིམས་ལྟར་འགན་སྒྲུབ་དང་འགན་སྒྲུབ་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་། དམངས་ཆེན་གྱི་གཏམ་རྒྱུད་ཡག་པོར་བཤད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་ཡག་པོར་བཤད་པ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ། རྒྱལ་ཁབ་ཀྱི་བྱ་གཞག་སྣ་ཚོགས་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བཅས་བྱས་ནས།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་དྲིན་ཚོར་ཡར་བརྩོན་དང་། ཡིད་ཆེས་ཆེར་སྐྱེད། དངོས་སྒྲུབ་སྔོན་བརྩོན་བཅས་བྱེད་པའི་རྣམ་པ་མངོན་དགོས། གཟབ་ནན་གྱི་གཞི་གདངས་དང་། བྱེད་ཐབས་ནན་མོ། སྣང་ཚུལ་ཡག་པོ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཚོགས་སྲོལ་བཟང་བོ་དང་ཚོགས་འདུའི་སྒྲིག་ལམ་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་བ། གྲོས་ཚོགས་ཀྱི་སྣང་ཚུལ་ལེགས་ཤིང་དངོས་གཉེར་ལས་ཕྱོད་མཐོ་བར་ཁག་ཐེག་བྱས་ཏེ། དར་ཆ་མཐོན་པོར་སྒྲེང་བ་དང་དངོས་འཛིན་དངོས་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号