དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་ཚོགས་འདུ་ཟི་ལིང་དུ་བསྡུས།
ཟླ3པའི་ཚེས1ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ2025ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་ཚོགས་འདུ་བསྡུས། ཐེངས་འདིའི་མི་བསྡུ་ཚོགས་འདུ་ལ་ཞིང་ཆེན་ཕྱི་ནང་གི་མི་བཀོལ་སྡེ་ཁག་ལྔ་བརྒྱ་དང་ང་གཅིག་ཞུགས་པ་དང་། ལས་ཞུགས་ལས་རྐང་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་འདོན་སྤྲོད་བྱས་ལ། ལས་རྐང་གི་རིགས་སྣ་ཧ་ཅང་མང་བ་དང་། ལས་རིགས་ཁྱབ་ཁོངས་མང་པོར་ཁྱབ་ལ། ལས་འཚོལ་བ་ཁྲི་གཉིས་མི་བསྡུ་ཚོགས་འདུར་ཞུགས་པ་དང་། མི་སྟོང་གསུམ་དང་སུམ་བརྒྱ་ལྷག་གིས་ཡུལ་དངོས་ནས་ལས་ཞུགས་འདོད་བློའི་གྲོས་མཐུན་བཀོད།
ཐེངས་འདིའི་མི་བསྡུ་ཚོགས་འདུ་ཡིས་ལས་རྐང་འདོན་སྤྲོད་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གནད་ཕིགས་ཞབས་ཞུས་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ་བརྗོད་དོན་དུ་བྱས་པ་དང་། ད་ལོའི་རང་ཞིང་གི་དཔྱིད་རླུང་འགུལ་སྐྱོད་ཀྱི་མ་ལག་བྱ་འགུལ་ཁྲོད་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་། མི་བསྡུ་ཁེ་ལས་དང་ལས་འཚོལ་མི་ཚོགས་ཆེས་མང་པ། སྲིད་ཇུས་དང་ཞབས་ཞུ་ཆེས་གཅིག་བསྡུ་དང་ཆ་ཚང་བའི་ཡུལ་དངོས་མི་བསྡུ་བྱ་འགུལ་ཞིག་ཡིན། བྱ་འགུལ་ཡུལ་དངོས་སུ་མི་ཚོགས་མི་འདྲ་བའི་ལས་ཞུགས་དགོས་མཁོ་གཞིར་བཟུང་ནས། གཙོ་གནད་ཁེ་ལས་ཁུལ་དང་རིག་སྟོབས་མི་བསྡུ་ཁུལ། ཞིང་ཆེན་ཕྱིའི་ངལ་རྩོལ་རོགས་ལས་ཁུལ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ཁུལ། བུད་མེད་ལས་འཚོལ་ཁུལ་སོགས་ཆེད་དོན་ཁུལ་མང་པོ་བཀོད་སྒྲིག་བྱས་ཡོད། དེ་དང་མཉམ་དུ། ངལ་རྩོལ་ཚོང་རྟགས་འགྲེམ་སྟོན་དང་ཐད་གཏོང་བརྒྱུད་དེ་ལས་རྐང་ངོ་སྤྲོད་བྱེད་པ། སྲིད་ཇུས་དྲིལ་སྒྲོག་སོགས་སྣ་མང་ཅན་གྱི་ཞབས་ཞུ་སྤེལ།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་ངང་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མི་བཀོལ་སྡེ་ཁག་དང་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དགོས་མཁོའི་མཁོ་འདོན་སྣེ་གཙོར་བཟུང་སྟེ། སྟེགས་བུ་བསྐྲུན་པ་དང་འབྲེལ་ཟབ་བཙུགས་ནས། ཕྱོགས་ཡོངས་ཀྱི་སྤྱི་ཐུན་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་བློ་དང་གསོ་སྦྱོང་དགོས་མཁོའི་བརྟག་བཤེར་སྤེལ་བ་དང་། ཕྱིར་བགྲོད་ལས་ཞུགས་ཀྱི་འདོད་བློ་དང་རྩལ་ནུས་གསོ་སྦྱོང་གི་དགོས་མཁོའི་གསལ་ཕྲ་འཛུགས་པ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཐུན་ལས་ཞུགས་མི་བསྡུའི་ཞབས་ཞུའི་སྟེགས་བུ་སོགས་དྲ་ཐོག་སྟེགས་བུ་ལ་རྒྱབ་རྟེན་ནས་ལས་རྐང་ཁྱབ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱང་བརྟེན་མི་བསྡུ་དང་ཐད་གཏོང་བརྒྱུད་དེ་ལས་རྐང་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་བཀོལ་ནས་མཁར་གྲོང་གི་ངལ་རྩོལ་པར་ཆ་འཕྲིན་བརྒྱུད་སྐྱེལ་བྱེད་པ། སྟོབས་ཤུགས་ཡོད་རྒུས་མི་བསྡུ་དང་ལས་འཚོལ་གཉིས་ཆ་སྡེབ་ཡོང་བར་བྱས་ནས། མཚོ་སྔོན་གྱི་དྲ་ཐོག་ལས་ཞུགས་ཀྱི་ཁྱད་ལྡན་ཚོང་རྟགས་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་བཅས་ཀྱི་སྐུལ་སློང་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注