རྟེན་འབྲེལ་ཞུ་ཡིག
ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ་ལགས།
བོད་ཤིང་མོ་སྦྲུལ་ལོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཁྱེད་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་ལྷན་ཅིག་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན།ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་ཐེངས་གསུམ་པར་རྟོག་ཞིབ་ཏུ་ཕེབས་ནས། སྐུ་དངོས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་ལ་མཛེས་སྡུག་ལྡན་པའི་འཆར་འགོད་མཛད་པ་དེར་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་། མཐོ་སྒང་མི་རིགས་ཁག་གི་བུ་དང་བུ་མོའི་མཐུན་སྒྲིལ་འབད་འཐབ་དང་། དངོས་སྒྲུབ་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་སྒྲིལ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་དྲིན་གཟོ་འབད་བརྩོན་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་བོར་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོར་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་། སྐྱེ་ཁམས་ཁོར་ཡུག་བརྟན་པོ་ངང་ནས་ཇེ་ལེགས་སུ་འགྲོ་བ། དཔལ་འབྱོར་འཁོར་སྐྱོད་བརྟན་པ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་བ། དམངས་ཚིས་འགན་སྲུང་ལེགས་པ། མི་རིགས་མཐུན་སྒྲིལ་དམ་པའི་རྣམ་པ་བཟང་པོ་མངོན་ཡོད།ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་རྒྱལ་ཁ་ཐོབ་པའི་ལོ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལས་རིགས་ཁག་སོ་སོ་དང་མཉམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས། ཡིད་ཆེས་བརྟན་པོ་དང་ངར་ཤུགས་སྟོབ་བསྐྱེད། གསར་གཏོད་གསར་སྐྲུན། དོན་འཁྱོལ་སྔོན་ཐོན་བརྩོན་ལེན་བྱས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུར་རེ་བ་བཅངས་ཡོད།
ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་རྣམས་པའི་ལོ་སར་སྤྲོ་པོ་ཡོང་བ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཝུའུ་ཞའོ་ཅུན།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལུའོ་ཏུང་ཁྲུན།
2025ལོའི་ཟླ2པའི་ཚེས28ཉིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注