རྒྱལ་ཡོངས་བོད་ཡིག་ཏང་གི་ཚགས་པར་ཐོག་མ།

《མཚོ་སྔོན་བོད་ཡིག་གསར་འགྱུར》ནི1951ལོའི་ཟླ1པའི་ཚེས16ཉིན་གསར་དུ་བཏོན་ཞིང་། རྒྱལ་ཡོངས་སུ་བོད་ཡིག་གི་ཏང་གི་ཚགས་པར་ཆེས་སྔ་ཤོས་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མི་རིགས་སྐད་ཡིག་ལས་ཁུངས་ཀྱི་ཚགས་པར་ཡང་ཡིན། ཚགས་པར་འདི་ཉིད་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྐྱོང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱེད་བཞིན་ཡོད། ཚགས་པར་འདི་ཐོག་མའི་གསར་འདོན་བྱེད་སྐབས་ཀྱི་དྲས་ཁ་བཞི་མའི་པར་ངོས་བཞིའི་བོད་རྒྱ་ཡིག་རིགས་སྦྲགས་མའི་ཉིན་བཅུའི་ཚགས་པར་ནས། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་དྲས་ཁ་ཕྱེད་གཉིས་ཅན་གྱི་པར་ངོས་བཞི་དང་། བོད་ཡིག་རྐྱང་མའི་ཉིན་གཉིས་ཀྱི་ཚགས་པར་དུ་གྱུར་བའི་བར་ཀྱག་ཀྱོག་གི་འཕེལ་རྒྱས་གོ་རིམ་གང་མང་ཞིག་བརྒྱུད། 2008ལོའི་ཟླ12པར་ཚགས་པར་གྱི་རྣམ་པ་དྲས་ཁ་བརྒྱད་ཅན་གྱི་པར་ངོས24རུ་བསྒྱུར་ཅིང་། གཟའ་འཁོར་རེའི་ཚགས་པར་ཡིན།《མཚོ་སྔོན་བོད་ཡིག་གསར་འགྱུར》ནི་ཏང་གི་མགྲིན་ཚབ་དང་།  རྒྱ་ཡིག་གི《མཚོ་སྔོན་ཉིན་རེའི་ཚགས་པར》གྱི་རྒྱ་བསྐྱེད་དང་ཁ་གསབ་རོགས་འདེགས་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་རྒྱུ་ནི་རྩ་བའི་ལས་འགན་དུ་བརྩིས་ཤིང་། སྐབས་ཀུན་ཏུ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས། མགྱོགས་ཤིང་ཁྱབ་རྒྱ་ཆེ་ལ་ཤེས་བྱ་ཕུན་སུམ་ཚོགས་པ། བརྗོད་བྱ་སྐྱོན་དང་བྲལ་ལ་འགུག་ཤུགས་ལྡན་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཏང་གི་སྲིད་ཇུས་དང་ཆ་འཕྲིན་སྣ་ཚོགས་དུས་ལྟར་འདོན་སྤྲོད་བྱས་པས། རང་ཞིང་གི་རོང་འབྲོག་ཁུལ་གྱི་བརྟན་ལྷིང་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ།“དཔལ་ཡོན་བཞི”དང་འཆམ་མཐུན་འཛུགས་སྐྲུན་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།《མཚོ་སྔོན་བོད་ཡིག་གསར་འགྱུར》གྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་དྲིལ་སྒྲོག་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་རྩོམ་ཡིག་གལ་ཆེན་རྣམས་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་འགངས་ཆེན་དག་དུས་ཐོག་ཏུ་བོད་ཡིག་ལ་བསྒྱུར་ཏེ་སྤེལ་བཞིན་ཡོད། ལེ་ཚན་གཙོ་བོར《ཕྱོགས་བསྡུས་གསར་འགྱུར》དང《ཏང་གི་འཛུགས་སྐྲུན》《དེང་རབས་སློབ་གསོ》《བསྡུས་རྩོམ》《འདྲ་པར་གསར་འགྱུར》《ལྕུག་ཕྲན》《སྐར་ཚོམ》《རིག་གནས་མཐོངས་ཡངས》《གྲོང་གསེབ་དར་སྤེལ》《སྐྱེ་ཁམས》《དམངས་གཙོ་ཁྲིམས་སྐྱོང》《བདེ་ཐང་འཚོ་བ》《སློབ་མའི་རྩོམ་ཡིག་ཆེད་བསྒྲིགས》སོགས་ཡོད་པས། ཚགས་པར་གྱི་ཞབས་ཞུའི་རང་བཞིན་དང་ལྟ་ཀློག་རིན་ཐང་ཇེ་མཐོར་བཏང་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号