མཚོ་སྔོན་ཉིན་རེའི་ཚགས་པར་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།

ཟླ1པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཉིན་རེའི་ཚགས་པར་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་བསྡུས། མཚོ་སྔོན་ཉིན་རེའི་ཚགས་པར་བོད་སྐད་སྨྱན་སྦྱོར་ལྟེ་གནས་བཙུགས་པ་དེས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་བོད་སྐད་སྨྱན་སྦྱོར་མཉམ་འདྲེས་ཕྱོགས་སུ་གོམ་པ་བརྟན་བརླིང་ངང་མདུན་དུ་སྤོས་པ་མཚོན་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ནན་ཏན་གྱིས་ལག་ལེན་བྱས་ཐོག སྲོལ་རྒྱུན་དང་གསར་གཏོད་འགྲོས་མཉམ་གྱིས་བོད་སྐད་སྨྱན་སྦྱོར་གཙོ་བོའི་མཉམ་འདྲེས་གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། བོད་འབྲེལ་གསར་འགྱུར་སྒྲོག་སྤེལ་ལས་དོན་གྱི་ལེའུ་གསར་པ་རྩོམ་པར་འབད་པ་ལྷུར་ལེན་བྱས།

图片

ཉེ་ཆར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཁོངས་གཏོགས་བོད་སྐད་སྨྱན་སྦྱོར་གཙོ་བོ་སྟེ་ཀྲུང་གོ་བོད་ཀྱི་དྲ་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། མཚོ་སྔོན《ཏང་གི་འཚོ་བ》བོད་ཡིག་དུས་དེབ་སོགས་མཉམ་འདྲེས་གཏིང་ཟབ་བྱེད་མགོ་བརྩམས།

ཐེངས་འདིའི་མཉམ་འདྲེས་གཏིང་ཟབ་ནི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་དམིགས་ནས་བོད་སྐད་སྨྱན་སྦྱོར་གཙོ་བོའི་ངེས་གནས་བསྐྱར་དུ་འཚོལ་བའི་དུས་རབས་གསར་པའི་འགན་འཁྲི་བསྒྲུབས་པ་བརྒྱུད་ནང་དོན་དང་སྟེགས་བུ། ལག་རྩལ།འཇོན་མི་སོགས་ཕྱོགས་མང་པོའི་གསར་གཏོད་ལ་སྐུལ་སྤེལ་བྱས་ཏེ། བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ཞབས་ཞུ་གང་ལེགས་སྒྲུབ་པ་དང་། བོད་འབྲེལ་ས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོར་དོ་སྣང་དང་ཡིད་ཚིམ་དུ་འཇུག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ལྟེ་གནས་འདི་འཛུགས་པའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། མི་དམངས་ལྟེ་བར་འཛིན་པའི་དགོངས་དོན་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཞིར་འཛིན་པ་གཙོར་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས་སྒྲོག་སྤེལ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ།བོད་འབྲེལ་གཏམ་རྒྱུད་ལེགས་པོར་འཆད་པ་སོགས་རང་འགན་དུ་བརྩིས་ནས། བོད་འབྲེལ་ས་ཁུལ་མང་ཚོགས་ཀྱི་ཆ་འཕྲིན་དགོས་མཁོ་དང་རིག་གནས་རེ་བཞག་སྟོང་ཟད་དུ་མི་གཏོང་བ་བྱ་རྒྱུ་དང་། ཚགས་པར་གཉིས་དང་དྲ་བ་གཉིས། སྤྱོད་སྣེ་གཉིས། དུས་དེབ་གཅིག་བཅས་ལ་འཕྲིན་སྟེགས་ཁ་ཤས་བསྣན་པའི་ཕྱོགས་ཡོངས་དང་རིམ་པ་མང་པོའི་སྒྲོག་སྤེལ་རྣམ་པ་བསྐྲུན་པ་དང་། སྔར་ལས་སྤུས་ལེགས་དང་སྟབས་བདེ། གོ་ཆོད་བཅས་ཀྱི་གསར་འགྱུར་ཆ་འཕྲིན་ཞབས་ཞུས་བོད་རིགས་མང་ཚོགས་ཀྱི་བསམ་པའི་རིག་གནས་ལོངས་སྤྱོད་གྲ་རྒྱས་ཕུན་ཚོགས་སུ་བཏང་སྟེ།བོད་སྐད་སྨྱན་སྦྱོར་གཙོ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་བོད་སྐད་སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་གྱི་དུས་སྐབས་གསར་པའི་སྒོ་ཡོལ་ཕྱེས་པ་དེས། བོད་འབྲེལ་གསར་འགྱུར་སྒྲོག་སྤེལ་ལས་དོན་ཁྲོད་ཀྱི་འགན་འཁྲི་གསར་པ་དང་བྱེད་ནུས་གསར་པ་མངོན་ཡོད་པར་མ་ཟད། བོད་འབྲེལ་ས་ཁུལ་གྱི་གསར་འགྱུར་སྒྲོག་སྤེལ་ལས་དོན་ལ་གསོན་ཤུགས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་པ་རེད། མ་འོངས་པར་མཚོ་སྔོན་ཉིན་རེའི་ཚགས་པར་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་སྔར་བཞིན་ཏང་གི་གསར་གཏོད་གཞུང་ལུགས་མཛུབ་སྟོན་དུ་བཟུང་ནས། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་སྒོས་བོད་འབྲེལ་ས་ཁུལ་གྱི་གསར་འགྱུར་སྒྲོག་སྤེལ་ལས་དོན་ལ་བློ་གྲོས་དང་ནུས་ཤུགས་སྔར་ལས་ལྷག་པ་འདོན་རྒྱུ་རེད།  །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号