མཚོ་ནུབ་ཀྱི་རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་།
ཟླ1ཚེས6ཉིན་གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་ཇུས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན། མིག་སྔར་མཚོ་ནུབ་ཁུལ་གྱི་རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཁུལ་ཡོངས་ཀྱི་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་དང་གསོག་ཚད་ཇེ་མཐོར་སོང་ཡོད། མིག་སྔར་མཚོ་ནུབ་ཁུལ་གྱི་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང7933ལྷག་ཟིན་པ་དེ་དུས་མཚུངས་ལས4.3%འཕར་བ་དང་། གཟན་རྩྭ་གསོག་ཉར་བྱེད་ཚད་ཏུན་འབུམ་གཅིག་ལྷག་ཏུ་བསླེབས་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱིས“ཞིང་ཕྱུགས་ཕན་ཚུན་གསབ་རེས་དང་། འདེབས་གསོ་ཟུང་འབྲེལ། རྩྭ་ཕྱུགས་འཁོར་སྐྱོད”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། གཟན་རྩྭ་འདེབས་འཛུགས་དང་། རྩྭའི་ཐོན་རྫས་ལས་སྣོན། གཟན་རྩྭ་བེད་སྤྱོད་ལེགས་པོ། ཕྱུགས་ཟོག་ཚན་རིག་ལྟར་གསོ་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་དང་དེའི་ཐུན་མིན་གྱི་ནུས་པ་དང་འཕེལ་ཕྱོགས་ཆེན་པོ་དེ་ས་གནས་ཀྱི་དཔལ་འབྱོར་ལྗང་མདོག་ཕྱོགས་སྒྱུར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་ཆེད།《མཚོ་ནུབ་ཁུལ་གྱི་རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2024—2026)》བཀྲམ་ནས། “རང་བྱུང་རྩྭ་ས་དང་མིས་བཟོས་གཟན་རྩྭ་ཟུང་འབྲེལ”གྱི་འདེབས་གསོའི་རྣམ་པ་ཁྱབ་སྤེལ་བྱེད་པ་དང་། རང་བྱུང་རྩྭ་ས་རྨང་གཞིར་བྱེད་པ་དང་མིས་བཟོས་གཟན་རྩྭ་འདེགས་སྐྱོར་དུ་བྱེད་པའི་ཐོན་སྐྱེད་མ་ལག་འཛུགས་པ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་སྲ་བརྟན་དང་རིམ་པ་སྤོར་བ་བཅས་བྱས་ཏེ། ཐོན་ལས་ས་ཁོངས་ཅན་གྱི་ཁྱབ་ཚུལ་མངོན་འགྱུར་བྱས།
དུས་མཚུངས་སུ་མཚོ་ནུབ་ཁུལ་གྱིས་ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཏེ། གཟན་རྩྭའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་གསོ་སྤེལ་གྱི་འཕར་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ་དང་། དེང་རབས་ཀྱི་སྒོ་ཕྱུགས་དང་གཟན་རྩྭ་གསོ་སྤེལ་མ་ལག་བཙུགས་པ། དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་དང་གཟན་རྩྭ་དང་ཕྱུགས་ལས་ཐོན་རྫས་འཁོར་རྒྱུག་ཟུང་འབྲེལ་བྱེད་པར་སྐུལ་ལྕག་བཏང་ཞིང་། གཉེར་སྐྱོང་མ་ལག་གསར་པ་བསྐྲུན་པ་དང་། འཕྲུལ་ཆས་ཅན་གྱི་ཞབས་ཞུའི་ཆུ་ཚད་དང་ལས་སྣོན་ཞིབ་མོ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཕྱུགས་འཁོར་སྐྱོད་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་ནུས་ལྡན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注