ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་སྐོར་དང་པོ་གཞིས་ཀ་རྩེའི་ས་ཡོམ་ཕོག་ཁུལ་དུ་འབྱོར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད10ཡས་མས་སུ། རྒྱལ་ཁབ་གནོད་འགོག་གེགས་སེལ་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུའུ་བཅས་ཀྱིས་བོད་ལྗོངས་ལ་ཛ་དྲག་ངང་གཤམ་སྤྲོད་བྱས་པའི་སྲིང་བལ་གུར་དང་མལ་གོས་སོགས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་སྐོར་དང་པོ5800ལྷག་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཡོད་པ་དང་། དེ་མིན་ད་དུང་ཀྲུང་དབྱང་གི་གེགས་སྐྱོབ་དངོས་ཟོག་ཁྲི1.6ལྷག་ཚེས8ཉིན་རིམ་བཞིན་འབྱོར་རྒྱུ་རེད། དུས་མཚུངས་སུ་འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་དུ་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་འཕྲལ་བསྟུན་དངོས་ཟོག་མཉམ་དུ་འགན་སྲུང་བྱེད་པའི་ལམ་སྲོལ་སྤེལ་ཞིང་། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་སྟབས་བདེའི་ཟས་རིགས་དང་། དྲོད་ལེན་འཕྲུལ་ཆས། གློག་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབས། དྲོད་སྲུང་གྱོན་གོས་སོགས་འཚོ་བའི་རིགས་ཀྱི་གེགས་སྐྱོབ་དངོས་ཟོག་ཀྱང་གཅིག་མཇུག་གཉིས་མཐུད་ངང་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བར་མཐུན་སྦྱོར་བྱས་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་དང་འཚོ་བའི་འགན་སྲུང་ལས་དོན་ཡག་པོར་བསྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱས།  །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号