ཆོས་དབྱིངས་སྐྱིད་ཀྱི་དངོས་བཤུས་གློག་བརྙན《མཐོ་སྒང་གི་གཙོད》ཅེས་པ་ཐོག་མར་གཟིགས་འབུལ་བྱས།
“མཐའ་ཡས་པའི་མཚོ་བོད་མཐོ་སྒང་དུ་ངོ་མཚར་ཆེ་བའི་བོད་པའི་བུ་མོ་ཞིག་ཡོད་ལ། མོ་ནི་མཐོ་སྒང་གི་རི་དྭགས་གཙོད་དང་འདྲ་བར་ལུས་རྩལ་འགྲན་རའི་ནང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས། མོའི་མིང་ལ་ཆོས་དབྱིངས་སྐྱིད་ཟེར” 2024ལོའི་ཟླ12པའི་ཚེས30ཉིན་དངོས་བཤུས་གློག་བརྙན《མཐོ་སྒང་གི་གཙོད-ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་གྱི་བོད་རིགས་བུ་མོ་ཐོག་མ་མཛངས་མ་ཆོས་དབྱིངས་སྐྱིད་ཀྱི་ཕུགས་འདུན་དོན་གཉེར་གྱི་འགྲུལ་བཞུད》ཅེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་དུ་འཚོགས།
དངོས་བཤུས་གློག་བརྙན《མཐོ་སྒང་གི་གཙོད》ཅེས་པ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ནུས་ཤུགས་ཡོད་རྒུས་ཕབ་སྐྲུན་བྱས་པ་དང་། མོའི་ཕུགས་འདུན་དོན་གཉེར་གྱི་མགོ་ཚུགས་ས་ནས་གཟི་བརྗིད་ཀྱི་རྩེ་བར་དུ་བློ་བརྟན་འགྱུར་མེད་ངང་རང་ཉིད་ལས་བརྒལ་བའི་ལུས་རྩལ་སྙིང་སྟོབས་ཞིབ་ཅིང་ཕྲ་བའི་སྒོ་ནས་མངོན་པ་དང་། མཚོ་སྔོན་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་དང་གཏིང་ཟབ་པའི་རྨང་གཞི་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པས། མཚོ་སྔོན་ལུས་རྩལ་རིག་གནས་འཛུགས་སྐྱོང་ཁྲོད་ཀྱི་མཛེས་ལྗོངས་ཤིག་ཡིན།
དངོས་བཤུས་གློག་བརྙན་གསར་སྐྲུན་བྱེད་མཁན་གཙོ་བོའམ། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ལུང་གིས་ཆོས་དབྱིངས་སྐྱིད་ཀྱི་མི་ཚེའི་རྗེས་ཤུལ་ནི་བློ་སྒོ་འབྱེད་པར་དོན་སྙིང་ཆེན་པོ་ལྡན་པ་དང་མི་རྣམས་ལ་སྐུལ་སློང་བྱེད་པའི་གཏམ་རྒྱུད་ཅིག་ཡིན་ཞིང་། ཁོ་མོ་མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཐང་གི་བུ་མོ་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དུ་གྱུར་བ་དང་། འཚར་ལོངས་ཀྱི་གོམ་པ་རེ་རེ་མི་ཚང་མའི་མིག་དཔེ་ལྟ་ས་རུ་གྱུར། ཆོས་དབྱིངས་སྐྱིད་ཀྱི་གཏམ་རྒྱུད་ནི་ལྷོད་མེད་དོན་གཉེར་དང་ཡིད་ཆེས་བརྟན་པོ་བྱེད་པ། ནམ་ཡང་རྒྱུན་འཁྱོང་ལྷོད་མེད་བྱེད་པ་བཅས་ཀྱི་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། སྙིང་སྟོབས་འདིས་མི་ཚང་མར་སྐུལ་ལྕག་བྱས་པ་མ་ཟད། དངོས་བཤུས་གློག་བརྙན་གྱིས་བརྒྱུད་སྤྲོད་བྱེད་དགོས་པའི་ལྟེ་བའི་རིན་ཐང་ཡང་གྲུབ་ཡོད། ཐེངས་འདིའི་ཆོས་དབྱིངས་སྐྱིད་ཀྱི་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱས་པ་དེ་ནི་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱེད་པའི་ཐད་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན་ཞིང་། ཕྱི་རྒྱལ་དུ་ཕབ་སྐྲུན་བྱས་པ་ཐེངས་དང་པོ་དང་། ཐོག་མའི་གསར་རྩོམ། རོལ་དབྱངས་བཟོ་སྐྲུན། ཀྲུང་གོ་དང་དབྱིན་ཇིའི་སྐད་གཉིས་ཀྱིས་ཕབ་བ་ཐེངས་དང་པོ་བཅས་མངོན་འགྱུར་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注