མཚོ་སྔོན་གྱིས་དགོན་སྡེ་རུ་རྩ་ཁྲིམས་དྲིལ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་གྱི2024ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས“ཆོས་ལུགས་བྱ་འགུལ་སྤེལ་ཡུལ་དུ་རྩ་ཁྲིམས་དར་སྤེལ་གཏོང་བའི”བྱ་འགུལ་སྤེལ་ནས། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་སྔར་ལས་མཐོ་རུ་བཏང་།
“གློག་བརྙན་བལྟས་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་དང་རླབས་ཆེན་བྱ་གཞག་ལ་རྒྱུས་ལོན་དང་གོ་བ་སྔར་ལས་གཏིང་ཟབ་ལེན་ཐུབ་པ་མ་ཟད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ཀྱང་སྔར་ལས་ཇེ་བརྟན་དུ་ཕྱིན།” ཟླ12པའི་ཚེས4ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྫོང་ཡོངས་ཀྱི་དགོན་སྡེ་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྩ་འཛུགས་བྱས་ཏེ།《རྒྱལ་འཛུགས་བྱ་གཞག་ཆེན་པོ》དང《ཏང་འཛུགས་བྱ་གཞག་ཆེན་པོ》ཞེས་པའི་གློག་བརྙན་ན་མཉམ་དུ་བལྟས། གློག་བརྙན་ལ་བལྟས་རྗེས། ཚང་མས་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དེ་དགོན་སྡེའི་རྒྱུན་ལྡན་གྱི་དོ་དམ་དང་ཆོས་ལུགས་ཀྱི་བྱེད་སྒོའི་ནང་ཁྱབ་པར་བྱས་ནས། དད་ལྡན་མང་ཚོགས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་དང་དྲང་བདེན་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། དྲིལ་བསྒྲགས་གཟའ་འཁོར་གྱི་སྐབས་སུ། གཅིག་སྒྲིལ་རྫོང་གིས་དགོན་སྡེའི“བཅའ་ཁྲིམས་ཤེས་མཁན”གྱི་ཆེད་དོན་གསོ་སྦྱོང་གི་བྱ་བ་རྩ་འཛུགས་བྱས་ནས། ཡུལ་དངོས་སུ་སློབ་ཚན་འཁྲིད་པ་དང་ཕན་ཚུན་བསམ་བློ་བརྗེ་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་།》《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས།》《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་གཙོ་གནད་དུ་དམིགས་ནས་འགྲེལ་བཤད་བྱས་པ་དང་། ཁྲིམས་འཛིན་ལག་ལེན་དངོས་ཀྱི་དཔེ་མཚོན་དང་གསོན་ཉམས་དོད་པའི་གྱོད་དཔེ་ངོ་སྤྲོད་བྱས་པ་བརྒྱུད། རྒྱ་ཆེའི་གྲྭ་བཙུན་ཚོས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་དོན་ཚན་ལ་སྔར་ལས་རྒྱུས་ལོན་བྱུང་།
ཟླ12པའི་ཚེས4ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡིས་མཁར་ཤར་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་དང་། མཁར་ཤར་ཆུའུ་ཁྲིམས་འཛིན་ཅུའུ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ་དབྱང་ཅ་ཀྲོང་གི་ཆིན་ཀྲིན་དགོན་དུ“རྩ་ཁྲིམས་ཉིན་མོའི”ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ། ལས་བྱེད་པས་དྲིལ་བསྒྲགས་དཔྱད་ཡིག་སྟེར་བ་དང་བཅའ་ཁྲིམས་བློ་འདྲིའི་ལན་འདེབས་སོགས་ཀྱི་རྣམ་པའི་ཐོག་ནས། ཆུའུ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་།》《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་ཀྱི་ནང་དོན་དྲིལ་བསྒྲགས་དང་གསལ་འགྲེལ་བྱས། ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་བརྒྱུད་དེ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན། མཁར་ཤར་ཆུའུ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་བཤད་རྒྱུར། “ང་ཚོས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་བར་མུ་མཐུད་དུ་ཤུགས་བསྣན་ནས། ཕྱོགས་ཡོངས་དང་ཟུར་ཚད་མང་བའི་ཐོག་ནས་བཅའ་ཁྲིམས་དགོན་སྡེ་རུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས། ཆོས་ལུགས་ལས་དོན་བཅོས་སྐྱོང་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱ་ཆེད་བློ་སེམས་གཅིག་སྒྲིལ་བྱ་རྒྱུ་ཡིན”ཟེར།
རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་སྐབས་སུ། རྨ་ཆེན་རྫོང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་། དགོན་སྡེར་སྡོད་པའི་ལས་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ཆོས་ལུགས་ལས་བྱེད་པ་བཅས་རྩ་འཛུགས་བྱས་ཏེ་གཅིག་བསྡུས་སྒོས་ཁྲིམས་སྦྱོང་བྱེད་སྒོ་སྤེལ་བ་དང་། ཁྲིམས་འཛིན་དང་ཞིབ་དཔྱོད་ལས་ཁུངས་ཀྱི་ཆེད་ལས་མི་སྣ་གདན་དྲངས་ཏེ། གསོ་སྦྱོང་འཆད་ཁྲིད་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་། རྫོང་རིམ་པའི་འགོ་ཁྲིད་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མི། དགོན་སྡེར་སྡོད་པའི་ལས་བྱེད་པ་སོགས་ཀྱི་ཁྱིམ་ཚང་དུ་སོང་ནས་བཅར་འདྲི་བྱེད་པར་སྐུལ་སློང་བྱས་ཏེ། གོ་བདེ་ཤེས་སླའི་སྐད་ཆ་དང་དེ་ལས་གོ་སླ་བའི་རྣམ་པའི་ཐོག་ནས་གྲྭ་བར“རྩ་ཁྲིམས་ནི་ཅི་ཞིག་ཡིན་པ”དང“རྩ་ཁྲིམས་ཀྱི་གྲུབ་ཆ”སོགས་ཀྱི་ནང་དོན་འགྲེལ་བཤད་བྱས། ལྷག་པར་དུ་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་སླ་བའི་འགལ་བ་དང་རྩོད་གཞིར་ཟུང་འབྲེལ་བྱས་ཏེ། གྱོད་གཞིགས་ཁྲིམས་འགྲེལ་དང་མང་ཚོགས་ཀྱིས་གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་དང་། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་མང་ཚོགས་ཀྱི་ཉེ་འགྲམ་དང་། མང་ཚོགས་ཀྱི་སེམས་ནང་ཁྱབ་པར་བྱས་ཏེ་རྒྱུན་ལྡན་གྱི་བྱ་བ་དང་མཉམ་འདྲེས་ཐུབ་པར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注