རྩེ་ཁོག་རྫོང་གིས་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་ནས་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་།
ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་གྲོང་གསེབ་འཕེལ་རྒྱས་ལ་དམིགས་ཏེ། གྲོང་གསེབ་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བས་གྲོང་གསེབ་ཀྱི་རྣམ་པ་གསར་པར་བསྒྱུར་ཡོད། ཟླ11པའི་ཚེས20ཉིན་བར། རྩེ་ཁོག་རྫོང་གིས་ཆེད་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བདུན་ཁྲི་ལྔ་བཏང་ནས་སྲིད་འཛིན་སྡེ་བ་དང་མཛེས་སྡུག་གི་གྲོང་གསེབ་དྲུག་གི་འཛུགས་སྐྲུན་ལས་གཞིར་སྤྱད་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་ཧུར་ཐག་གིས་དོན་འཁྱོལ་བྱས་ནས“གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་བཏང་། རིམ་རྩིས་བྱས་ན་འཕྲོད་བསྟེན་སྤྱོད་ཁང408གསར་སྐྲུན་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་།
རྩེ་ཁོག་རྫོང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་མཐོར་གཏོང་། གྲོང་གསེབ་ཀྱི་རྣམ་པ་མཛེས་སྒྱུར་སོགས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བཞིན་ཡོད། སྡེ་བའི་ནང་གི་བགྲོད་ལམ་རྒྱ་བསྐྱེད་དེ་ལས་པ་དང་། སྡེ་མི་ཕྱིར་བསྐྱོད་སྟབས་བདེ་དང་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བྱས། རྙིང་འགྱུར་གྱི་ཆུ་གློག་སྦུག་དྲའི་མ་ལག་ཞིག་གསོ་བྱས་ཏེ། ཆུ་གློག་འདོན་སྤྲོད་བརྟན་ཞིང་ཕན་ནུས་ལྡན་པར་འགན་སྲུང་བྱས། སྡེ་བའི་རིག་གནས་བྱ་འགུལ་ལྟེ་གནས་དང་སྡེ་མིའི་ལུས་སྦྱོང་ཐང་ཆེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་གསར་སྐྲུན་དང་རིམ་སྤོར་བྱས་ནས། སྡེ་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། སྡེ་བའི་མཛེས་ལྗོངས་འཆར་འགོད་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ། སྲོལ་རྒྱུན་གྱི་འཛུགས་སྐྲུན་དངོས་པོར་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་དང་ཁྱད་ལྡན་ཅན་གྱི་སྒྱུར་བཀོད་བྱས་ནས། གྲོང་གསེབ་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་རྒྱུན་འཛིན་བྱས་ཏེ། གྲོང་གསེབ་ཀྱི་སྤྱིའི་རྣམ་པ་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注