ཟླ10པའི་ཚེས31ཉིན། མཚོ་སྔོན་གྱིས་ནགས་རྩྭའི་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཀྱི་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་དེ་གཉེར་བའི་དམིགས་ཡུལ་ནི། ཚན་རིག་ཤེས་བྱ་ཁྱབ་བརྡལ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་གནོད་ཡོད་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ། ནད་ཡམས་བརྟག་དཔྱད། གནོད་འགོག་གནོད་སེལ་བཅས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཡིན།
ཉིན་དེར་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འཐུས་ཚབ་ཚོགས་པ8ཀྱི་འགྲན་ཞུགས་འཐུས་མི32འགྲན་བསྡུར་ནང་ཞུགས་ཏེ། “ནགས་རྩྭའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས་ནས་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་གནོད་འཚེ་འགོག་དགོས”ཞེས་བརྗོད་དོན་དུ་བཟུང་སྟེ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་རྩལ་ནུས་ཀྱི་དངོས་འཐབ་འགྲན་བསྡུར་བྱེད་སྒོ་སྤེལ། འགྲན་བསྡུར་ནང་ནགས་རྩྭའི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཤེས་བྱ་དང་ལག་རྩལ་བྱེད་ཐབས། བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཚུད་ཡོད་པས། འགྲན་ཞུགས་མཁན་དང་ནགས་རྩྭའི་ལས་བྱེད་པའི་ལས་སྒོའི་ཆུ་ཚད་མཐོ་རུ་ཕྱིན་པར་མ་ཟད། ས་གནས་སོ་སོའི་ནགས་རྩྭའི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལས་བྱེད་པར་བརྗེ་རེས་སྟེགས་བུ་མཁོ་འདོན་བྱས།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། ནགས་ཚལ་གྱི་ཁེབས་ཚད་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་རྩྭ་ཐང་གི་སྐྱེ་ཁམས་་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ། རིམ་པ་དང་པོའི་རྟོག་ཞིབ་པ་ཐེན་ཅན་གྱིས་བཤད་རྒྱུར། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་ནི་མིག་སྔའི་ལས་འགན་གལ་ཆེན་ཞིག་ཡིན། འགྲན་ཞུགས་མཁན་རྣམས་ཀྱིས་ སྦྱངས་པའི་ཤེས་བྱ་དག་དོན་དངོས་ལས་རིམ་ནང་སྤྱད་དེ། ནགས་ཚལ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གང་ལེགས་བཏང་ནས། མཉམ་དུ་ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注