གཞོན་ནུ་ལོ་ཆུང་གི་སྲོལ་རྒྱུན་རྟ་རྩལ་འགྲན་སྡུར་ལྷ་སར་གཉེར་བ།

ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད10དང་སྐར་མ30ཡི་ཐོག  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་འགན་གཉེར་བྱས་པའི་སྤྱི་ལོ2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་སྲོལ་རྒྱུན་རྟ་རྩལ་འགྲན་སྡུར་དེ་བོད་རང་སྐྱོང་ལྗོངས་རྟ་རྒྱུག་ར་བར་གཉེར།

 ཐེངས་འདིའི་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོ་དང་འགྲན་སྡུར་མཇུག་སྒྲིལ་རྗེས་ད་དུང༼རྩྭ་ཐང་གི་བརྩེ་བ༽ཞེས་པ་དང་། ༼གམ་པ་ལ་མོ༽ཞེས་པ། ༼གདོད་མའི་གླུ་དབྱངས༽ཞེས་པ་སོགས་ཀྱི་གླུ་གར་འཁྲབ་སྟོན་བྱས་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་མངོན་པར་བྱས་ཡོད། མགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས། འགྲན་སྡུར་ཡང་དངོས་སུ་མགོ་བརྩམས། ཐེངས་འདིའི་འགྲན་སྡུར་ནང་ཁྱོན་ལུས་རྩལ་པ30ལྷག་དང་རྟ40ལྷག་ཞུགས་ཡོད་པ་དང་། འགྲན་སྡུར་ནང་མི་རིགས་རྟ་རྒྱུག་འགྲན་སྡུར་དང་སྲོལ་རྒྱུན་རྟ་རྩལ་འགྲན་སྡུར་ཞེས་རྣམ་གྲངས་ཆེ་བ་གཉིས་དང་ཆུང་བ་ལྔ་བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་འགྲན་སྡུར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་ཐད་གནང་བའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བཟུང་བས་བོད་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གཞི་རིམ་གྱི་ཤེས་དཔལ་ལག་ལེན་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་གསར་གཏོད་བཞི་རོགས་འདེགས་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་བ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号