ཞབས་བྲོ་འདིར་འཛམ་གླིང་གི་ཟིན་ཐོ་གསར་པའི་ར་སྤྲོད་ཐོབ།
ཉེ་ཆར་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད(WRCA)གཞུང་ཕྱོགས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། གཞིས་རྩེའི་ལྷ་རྩེའི་སྟོད་གཞས་ལ“ལོ་རྒྱུས་ཡུན་རིང་ལྡན་པའི་བོད་པའི་སྟོད་གཞས‘སྒྲ་སྙན་ཞབས་བྲོ’”ཞེས་པའི་འཛམ་གླིང་གི་ཟིན་ཐོའི་བདེན་དཔང་ར་སྤྲོད་ཐོབ་པ་རེད།
ལྷ་རྩེའི་སྟོད་གཞས་ནི་ས་སྐྱའི་ས་གནས་སྲིད་དབང་དུས་སྐབས་ནས་དར་བ་དང་། ད་བར་ལོ་ངོ700ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན། “སྟོད”ཞེས་པ་ནི་མངའ་རིས་དང་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་ལྷ་རྩེ་དང་དིང་རི། ས་སྐྱ། ངམ་རིང་སོགས་རྫོང་ཁག་ལ་ཟེར་ཞིང་། གཞས་ཞེས་པ་ནི་གླུ་གར་གྱི་དོན་ཡིན། དེར་བརྟེན། བོད་མང་ཚོགས་ཀྱིས་ས་ཁུལ་དེ་དག་ཏུ་ཁྱབ་པའི་གླུ་གར་ལ“སྟོད་གཞས”སམ“སྟོད་པའི་གཞས”ཞེས་འབོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེ་རྫོང་གིས་ལྷ་ས་གྲོང་ཁྱེར་གྱི་སྟོད་གཞས་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོར་གཏོང་ཆེད། ལྷ་རྩེ་རྫོང་གིས་སློབ་འབྲིང་དང་སློབ་ཆུང་ཡོངས་སུ་སྟོད་གཞས་སློབ་ཚན་བཀོད་སྒྲིག་བྱས་ནས། ས་གནས་དེ་གའི་ན་གཞོན་རྣམས་ལྷ་རྩེའི་སྟོད་གཞས་འཁྲབ་སྟོན་ཚོགས་པར་ཞུགས་རྒྱུར་སྐུལ་ལྕག་བྱས་པ་དང་། ཞིང་པས་ངལ་གསོ་སྐབས་སློབ་སྦྱོང་དང་སྟོད་གཞས་ལེ་ཚན་སྒྲིག་བཟོ་བྱས་ནས། ལྷ་རྩེའི་སྟོད་གཞས་རྒྱུན་འཛིན་གསོ་སྦྱོང་ཤུགས་ཆེན་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་རྩལ་འཁྲབ་སྟོན་ཆེ་གྲས་ཁག་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ལྷ་རྩེ་རྫོང་གི་སྟོད་གཞས་བོད་ནས་ཐོན་ཏེ་རྒྱལ་ཡོངས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་རེད།
ད་ཆ། རྒྱལ་ཁབ་རིམ་པ་ནས་རྫོང་རིམ་པའི་བར་གྱི་ལྷ་རྩེ་རྫོང་གི་སྟོད་གཞས་ནི་གོ་རིམ་ལྡན་པའི་ངང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་དང་། སྟོད་གཞས་འཁྲབ་སྟོན་ཚོགས་པ111དང་འཁྲབ་སྟོན་པ2000ལྷག་ཙམ་ཡོད་པ་དང་། རྫོང་ཡོངས་ཀྱི་མང་ཚོགས70%ཡན་གྱིས་ལྷ་རྩེའི་སྟོད་གཞས་འཁྲབ་ཤེས་ཀྱིན་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注