ཝར་ས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(华沙电影节)ཆེན་སྐབས40པའི་སྟེང་ཁྱབ་བསྒྲགས་བྱས་པའི་ཝོར་ས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པའི་མིང་ཐོའི་ནང་གསལ་བ་ལྟར་ན། པད་མ་ཚེ་བརྟན་གྱིས་ལྟ་ཞིབ་གནང་ཞིང་། དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་དང་སུའུ་མིང་ཆིང་གིས་ཕབ་སྐྲུན་པའི་འགན་འཁུར་བའི་གློག་བརྙན«བཀྲ་ཤིས»(《月光里的男孩》)ཞེས་པ་གློག་བརྙན་དུས་ཆེན་དེའི་གློག་བརྙན་རིང་གྲས་ཀྱི་འགྲན་སྡུར་གཙོ་བོའི་སྡེ་ཚན་ནང་ཚུད།
ཝར་ས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ1985ལོར་བཙུགས་པ་དང་། རྒྱལ་སྤྱིའི་སྟེངAརིགས་གློག་བརྙན་དུས་ཆེན14ཡོད་ལ། ཝར་ས་གློག་བརྙན་དུས་ཆེན་ནི་དེའི་གྲས་ཀྱི་གཅིག་ཡིན་པ་མ་ཟད། ཡོ་རོབ་ཀྱི་གློག་བརྙན་དུས་ཆེན་ཆེས་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི“ཕྱོགས་སྟོན”ལྟ་བུའང་ཡིན་པར་བརྗོད།
གློག་བརྙན«བཀྲ་ཤིས»ཞེས་པ་ནི་གློག་བརྙན་དུས་ཆེན་དེའི་གློག་བརྙན་རིང་གྲས་ཀྱི་འགྲན་སྡུར་གཙོ་བོར་ཚུད་པའི་རང་རྒྱལ་གྱིས་བཟོས་པའི་གློག་བརྙན་གཅིག་པུ་དེ་ཡིན་ཞིང་། དེ་རྒྱལ་ཁབ་ཁག་གི་འགྲན་སྡུར་གཙོ་བོའི་སྡེ་ཚན་དུ་ཚུད་པའི་གློག་བརྙན་གཞན་དག་དང་མཉམ་དུ། གློག་བརྙན་རྩེ་གྲའི་བྱ་དགའ་ཆེན་པོའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།
གློག་བརྙན«བཀྲ་ཤིས»ཞེས་པ་དེ2023ལོར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་བརྙན་ཕབ་མགོ་ཚུགས་པ་དང་། གློག་བརྙན་དེའི་འཁྲབ་གཞུང་ནི་རྩོམ་པ་པོ་ཁྲི་སེམས་དཔའི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»ཞེས་པ་གཉིས་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཞིག་རེད། འཁྲབ་ཁྲིད་པ། དར་རྒྱས་བསྟན་འཛིན། གློག་བརྙན་དེ་ནི་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ་ཡིན་པ་དང་། ཁོས་དེ་སྔ«ཐར་ལོ»དང་། «ལག་དམར» «ཆུ་ལྷམ་ཆུང་ཆུང» «གཅིག་དང་བཞི»སོགས་གློག་བརྙན་གྱི་ལག་བསྟར་འཁྲབ་ཁྲིད་པའི་འགན་འཁུར་མྱོང་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注