བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱ་བ་ཐེངས་བཞི་པའི་དུས་མཚམས་གཉིས་པའི་བྱ་བ་དེ་ལོ་མཇུག་གི་མཐའ་མའི་གདོང་མཆོང་དུས་སུ་སླེབས་ཤིང་། ད་ལྟ་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང་དང(ཆུས)18ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱ་བ་སོ་སོ་བརྟན་པོའི་ངང་སྤེལ་བཞིན་ཡོད། ད་ལྟའི་བར་དུ་གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་སྐྲུན་དངོས། བྲག་ཕུག་དང་དགོན་སྡེ། རྡོ་བརྐོས། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཤུལ་རྗེས། མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་སོགས་གནས་སྤོ་མི་ཐུབ་པའི་རིག་དངོས301རྙེད་མ་ཐག་ཡིན་པ་རེད།
གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་བར་དུ། གཞིས་རྩེ་གྲོང་ཁྱེར་གྱིས་རིག་དངོས་གནས་ས1088ལ་ཡུལ་དངོས་སུ་བརྟག་ཞིབ་དང་གཞི་གྲངས་འཚོལ་བསྡུའི་བྱ་བ་ལེགས་སྒྲུབ་བྱས་པའི་ནང་། རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་རིག་དངོས་གནས་ཡུལ519ལ་བསྐྱར་ཞིབ་བྱས་པ་དེས་ལས་འགན་ཡོངས་ཀྱི59%ཟིན་པ་དང་། 2012ལོ་ནས་བཟུང་། རིག་དངོས་གནས་ཡུལ268རྙེད་ནས། ལས་འགན་ཡོངས་ཀྱི46%ལེགས་གྲུབ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་རིང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱས་རྗེས། གཏན་འཁེལ་དང་ཟིན་ཐོ་རུ་བཀོད་པའི་གནས་སྤོ་མི་ཐུབ་པའི་རིག་དངོས་གནས་ཡུལ4277ལ་བསྐྱར་ཞིབ་བྱ་རྒྱུ་དང་ཆབས་ཅིག “ཡོངས་བཤེར་གསུམ” ད་དུང་ཐོ་འགོད་བྱས་མེད་པ་དང2012ལོ་ནས་བཟུང་རྙེད་པའི་གནས་སྤོ་མི་ཐུབ་པའི་རིག་དངོས་ལ་བརྟག་དཔྱད་དང་གཏན་འཁེལ། ཐོ་འགོད་བཅས་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注