གངས་ལྗོངས་མཐོ་སྒང་གི་རྣམ་པ་གསར་བ།

ལྷ་སའི་ལྷོ་རི་སྤྱི་གླིང་ནི་ཕོ་བྲང་པོ་ཏ་ལའི་ལྷོ་ཕྱོགས་སུ་གནས་ཤིང་། སྔོན་ཆད་ལྷོ་རི་ལ་མི་རྣམས་ཀྱིས“ཁྲ་ཁྲ་རི”ཞེས་འབོད་པ་དང་ནང་དོན་ནི“ཁ་མདོག་སྐྱ་བོའི་རི་རྒོད”ཅེས་པ་ཡིན། ནགས་མེད་པ་དང་ལྗང་མདོག་མཐོང་དཀའ་བས་སྔོན་ཆད་དེ་ནི་མི་རྣམས་ཀྱི་སེམས་ནང་གི་ལྷ་ས་གྲོང་ཁྱེར་ཡིན།

ཟླ9བའི་ཚེས1ཉིན། “གངས་ལྗོངས་མཐོ་སྒང་དུ་རྣམ་པ་གསར་བ་མངོན་པ”ཞེས་པའི་བརྟག་དཔྱད་བཅར་འདྲི་རུ་ཁག་གནས་དེར་བསྐྱོད་ཚེ་མིག་ལམ་དུ་མངོན་པ་ནི་ལྗང་མདོག་གསོན་ཤུགས་རྒྱས་པའི་རྣམ་པ་ཡིན།

ལྷ་སའི་ལྷོ་རི་སྤྱི་གླིང་ནི་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་རྣམ་གྲངས་ཀྱི་གྲུབ་འབྲས་གཙོ་བོ་ཡིན། 2021ལོར་ལྷ་སའི་ལྷོ་བྱང་རི་ལྗང་སྒྱུར་དེ་བོད་ལྗོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ནགས་སྐྲུན་འཛུགས་སྐྲུན་རྣམ་གྲངས་བྱས་ནས་མགོ་བརྩམས་པ་རེད། 2030སླེབས་ཚེ་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི206.72ཟིན་རྩིས་ཡོད།

སྡོང་བོ་རི་མགོ་ནས་འཛུགས་པ་དེ་ནི་ལས་སླ་མོ་ཞིག་གཏན་ནས་མིན།

ལྷོ་རིའི་ས་བབ་སྨི3600ནས4050ཟིན་པ་དང་ཆ་སྙོམས་གཟར་ཚད60ཡིན་པ། རི་བོའི་ས་ཁོངས་མང་ཤས་ས་རྒྱུ་ཞན་པ་དང་རྡོ་བ་འདུས་ཚད60%ནས70%སླེབས་པས། སྡོང་བོ་འཛུགས་དཀའ་བ་དང་གསོན་དཀའ་བ། དོ་དམ་སྲུང་སྐྱོང་བྱེད་དཀའ་བས་ནགས་སྐྲུན་ལྗང་སྒྱུར་ཐད་དཀའ་ངལ་མང་པོར་འཕྲད་པ་རེད།

“རི་ངོས་ནས་དོང་བརྐོ་བ་དང་། ས་རྒྱང་རིང་ནས་སྐྱེལ་འདྲེན་བྱེད་དགོས་པ། ཆུ་ནི་གཙང་ཆུ་ལས་འདྲེན་དགོས”ཞེས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་རིམ་པ་གཉིས་པའི་བརྟག་དཔྱད་ལས་དོན་མི་སྣ་ལི་པའོ་ཕིང་གིས་དེ་ལྟར་བརྗོད། སྡོང་བོ་གཅིག་གསོན་དུ་འཇུག་འདོད་ན་རིམ་པ37བརྒྱུད་དགོས་ལ། མྱུ་གུ་བདམས་པ་དང་སྡོང་སྨྱུག་འཛུགས་པ། ས་ལེགས་སུ་གཏོང་བ། སྡོང་བོ་དྲང་མོ་གཏོང་བ། ལུད་རྫས་འཇོག་པ་སོགས་ནན་གྱིས་སྒྲུབ་དགོས་པ་མ་ཟད། ཚན་རྩལ་གྱི་རམ་འདེགས་དང་ཡང་ཁ་འབྲལ་ཐབས་མེད།

འདི་ནི2022ལོའི་ཟླ3པར་ལྷ་སའི་ལྷོ་རི་སྤྱི་གླིང་ནུབ་ཕྱོགས་ཀྱི་རི་ངོས་སུ་ནགས་སྐྲུན་བྱེད་བཞིན་པའི་ཚུལ་རེད།

ནགས་ལས་ཆེད་མཁས་མི་སྣས་སྡོང་བོ་རིགས170ནང་ནས་གནས་དེ་ནས་སྐྱེས་འཚམ་པའི་སྡོང་བོ་རིགས་བདམས་པ་དང་། ཡང་མི་མེད་འཕྲུལ་ཆས་བརྒྱུད་དེ་ས་དང་སྡོང་བོ་སྐྱེལ་འདྲེན་བྱས་པ་ཡིན། མི་མེད་འཕྲུལ་ཆས་གཅིག་གིས་རྟ8དང་དྲེལ14ལས་ཀའི་ཚད་ཚབ་བྱེད་ཐུབ་པས་མི་ཡིས་ཁུར་བ་དང་རྟ་སོགས་ལ་འགེལ་བ་ལས་བདེ་འཇགས་ཀྱང་ཡིན་ལ་ཤུགས་ཀྱང་འདོན་ཐུབ་པ་རེད།

ནགས་རྩྭ་ལས་དོན་མི་སྣ་གྲངས་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས་བའི་རྗེས་སུ་སྐྱ་མདོག་གི་རི་རྒོད་ཐོག་ལྗང་མདོག་གིས་ཁྱབ་པར་གྱུར། བར་སྣང་ནས་བལྟ་དུས་ལྷ་སའི་སྐྱིད་ཆུ་འགྲམ་རྒྱུད་གཉིས་ཀྱི་རི་ཚོགས་ཀྱིས་ལྗང་མདོག་གི་སྣལ་མ་གྱོན་པ་དང་འདྲ་བར“ལྗང་མདོག་གི་ཁ་བཏགས”གཉིས་དང་མཚུངས།

འདི་ནི2024ལོའི་ཟླ9བའི་ཚེས1ཉིན་ཡུལ་སྐོར་པ་ལྷ་སའི་ལྷོ་བྱང་རི་སྤྱི་གླིང་ནས་ཡོད་པའི་ཚུལ་རེད།

ད་ལྟ། ལྷོ་རི་སྤྱི་གླིང་ནི་ལྷ་སའི་ཆེས་དགའ་བསུ་ཐོབ་བཞིན་པའི་དྲ་གྲགས་ཚོ་ཡོང་སའི་གནས་མཆོག་ཏུ་གྱུར་ནས། ཉིན་རེར་སྤྱི་གླིང་ནས་ཡོང་བའི་ཡུལ་སྐོར་པ་མི3000ནས5000ཟིན་པ་དང་། དུས་ཆེན་རིང་ལ་ཉིན་གཅིག་མི་ཁྲི་ལས་བརྒལ་བ་རེད། གསར་འགོད་པས་གནས་དེ་ནས་བྱིས་པ་ཁྲིད་ནས་ཡོང་བའི་ཁྱིམ་ཚང་གང་བོ་དང་ཤར་བྱང་རྒྱུད་ས་ཆ་ནས་ཡོང་བའི་ཡུལ་སྐོར་པ་ཡང་ཡོད་པ་མཐོང་། 

ལྷོ་བྱང་རིའི་ལྗང་སྒྱུར་རྣམ་གྲངས་ལག་བསྟར་བྱས་པ་དེས་མི་རིགས་སོ་སོའི་མང་ཚོགས་ཀྱི“ལྗང་མདོག”ཉམས་སུ་མྱོང་ཐུབ་པར་གྱུར།

མིག་སྔའི་བར་དུ། འབྲེལ་ཡོད་སྡེ་ཚན་གྱིས་མི་ཐེངས་ཁྲི600རྩ་འཛུགས་བྱས་ནས་ལྷོ་བྱང་རིའི་ལྗང་སྒྱུར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དང་། རོང་འབྲོག་མང་ཚོགས་འབབ་འཕར་སྒོར་དུང་ཕྱུར20མངོན་འགྱུར་བྱུང་བའི་སྣེ་ཁྲིད་བྱས། ལྷ་སའི་ལྷོ་བྱང་རི་སྤྱི་གླིང་དོ་དམ་ཁྲུའུ་ཡི་འགན་ཁུར་མི་སྣ་ཉི་མ་རྡོ་རྗེས་ཡིས། ཀུང་སི་ཡིས་ནགས་སྲུང་ལས་དོན་མི་སྣ་གདན་འདྲེན་བྱས་པ་དང་། ཁོ་ཚོའི་ཟླ་རེའི་གླ་ཕོག་སྒོར4000ཙམ་ཡིན། རོང་འབྲོག་མང་ཚོགས་སྔར་ལས་མང་བར་བརྟན་བརླིང་གི་བྱ་བ་ཡོད་པས་ཡོང་འབབ་ལ་ཡང་འགན་ལེན་ཡོད་ཅེས་ཟེར།

ངོ་སྤྲོད་ལྟར་ན། ལྷོ་བྱང་རིའི་ལྗང་སྒྱུར་རྣམ་གྲངས་ཚང་མ་ལེགས་འགྲུབ་ཟིན་ན་ལྷོ་རི་སྤྱི་གླིང600གསར་སྣོན་བྱས་པ་དང་འདྲ། 

ལོ་ངོ30སྔོན་ན་བོད་ལྗོངས་སུ་ཡོང་ནས་མི་ཚེ་གང་བོ་ནགས་རྩྭ་ལས་དོན་ཐད་འབུལ་བའི་ལི་པའོ་ཕིང་གིས་དངོས་སུ་ལྷ་སའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་མཐོང་བ་དང་། མ་འོངས་པའི་འདུན་པ་བརྗོད་དུས་ཁོས“ལོ5རྗེས་སུ་ཁྱོད་ཡང་བསྐྱར་གནས་འདིར་ཤོག་དང་། ལྷ་སའི་ཁོར་ཡུག་དངོས་གནས་ཇེ་ལེགས་སུ་འགྲོ་ངེས་ཡིན”ཟེར།

“ལོ་ལྔ་ལ་རི་ཀླུང་ལྗང་སྒྱུར་གཏོང་བ་དང་། ལོ་བཅུ་ལ་ལྗང་མདོག་གིས་ལྷ་ས་གྲོང་ཁྱེར་ཁྱབ་པའི”འདུན་པ་ནགས་རྩྭ་ལས་དོན་མི་སྣའི་བརྟན་སྲུང་ཁྲོད་ལག་བསྟར་བྱེད་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号