ཁབ་སྐུད་རེ་རེ་ཡིས་མཛེས་སྡུག་གི་འབྱུང་འགྱུར་བསྐྲུན།

བོད་ལུགས་གཙགས་དྲུབ་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བས། ཀོས་ནན་རྫོང་བྱ་མདོ་ཤང་གི་གྲོང་གསེབ་ཀྱི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ཡོད། སྲོལ་རྒྱུན་གྱི་ལག་རྩལ་འདིས་ས་གནས་འདིའི་བུད་མེད་རྣམས་ལ་ལས་ཞུགས་ཀྱི་ལམ་བུ་བརྟན་པོ་ཞིག་བཏོད་པར་མ་ཟད། གྲོང་གསེབ་དར་རྒྱས་སུ་གཏོང་བའི་ལམ་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

མཚོ་སྔོན་གངས་ལྷ་མེ་ཏོག་མི་རིགས་རྒྱན་ཆས་ཚད་ཡོད་ཀུང་ཟིའི་འཚེམ་དྲུབ་ཁང་དུ་བསྐྱོད་པ་ན། གསོན་ཉམས་ལྡན་པའི་འཚེམ་རིས་རེ་རེ་མིག་ལམ་དུ་བསྟར་ཡོང་། བོད་ཀྱི་གཙགས་དྲུབ་ཐོན་རྫས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གྲོང་གསེབ་ཀྱི་བུད་མེད་མང་པོར་ཕན་ཁེ་བསྐྲུན་པ་དང་། ཁྱིམ་ཚང་གི་ཡོང་འབབ་འཕར་ནས་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།

གཙགས་དྲུབ་མཁན་བདེ་སྐྱིད་དབང་མོ་ཡིས་བཤད་རྒྱུར། ང་ས་གནས་འདིའི་ཡིན། འདི་ལས་རང་ཁྱིམ་གྱི་རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་ཞོར་ཡོང་སྒོ་བཙལ་ཐུབ་པས་ཧ་ཅང་བཟང་། དེ་བས་ངས་མུ་མཐུད་དུ་རང་གི་ལག་རྩལ་ལ་བརྟེན་ནས་གཙགས་དྲུབ་ཐོན་རྫས་མང་པོ་གཙགས་རྒྱུ་ཡིན་ཟེར།

བསྡོམས་རྩིས་བྱས་པ་ལྟར་ན། 2013ལོ་ནས2024ལོའི་ཟླ5པའི་བར་དུ་མཚོ་སྔོན་གངས་ལྷ་མེ་ཏོག་མི་རིགས་རྒྱན་ཆས་ཚད་ཡོད་ཀུང་ཟིས་རིམ་རྩིས་བྱས་ན་གཙགས་དྲུབ་གཙགས་མཁན་དག་ལ་ཁེ་སྤོགས་སྒོར་ས་ཡ་བདུན་བགོས་པ་དང་། དབུལ་ཐར་ཁྱིམ་ཚང18ཕྱུག་འགྱུར་གྱི་ལམ་དུ་འགྲོ་བར་སྐུལ་ཁྲིད་བྱས་ཏེ་མི380ལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་ཡོད། བྱེད་ཐབས་འདིས་ཕན་ནུས་ལྡན་པའི་སྒོ་ནས་ས་གནས་དེ་གའི་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་མ་ཟད། ཀོས་ནན་རྫོང་གི་རོང་འབྲོག་པའི་དཔལ་འབྱོར་ཡོང་འབབ་ལ་ཐབས་ལམ་གསར་པ་ཞིག་བཏོད་དེ་གཙགས་དྲུབ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

མཚོ་སྔོན་གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་ཚེ་རིང་རྒྱལ་གྱིས་བཤད་རྒྱུར། ཀུང་ཟིས་ས་གནས་འདིའི་བུད་མེད་ལ་གསོ་སྦྱོང་དང་བརྟན་ལྷིང་གི་ཡོང་འབབ་འགན་ལེན་མཁོ་འདོན་བྱས་ནས་སྲོལ་རྒྱུན་གྱི་གཙགས་དྲུབ་དང་དེང་རབས་ཀྱི་དར་སྲོལ་གཞི་རྒྱུ་དང་མཐུན་པར་བྱས་ནས་བོད་མིའི་དེང་རབས་མཛེས་བཟོའི་དགོས་མཁོ་དང་འཚམ་པར་བྱས་ཡོད། མ་འོངས་པར་ང་ཚོས་མུ་མཐུད་དུ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང་། གཙགས་དྲུབ་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུ། ལག་རྩལ་བྱང་ཆུབ་པའི་གཙགས་དྲུབ་མཁན་སྔར་ལས་མང་བ་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་ཟེར།

ཚོན་མདངས་རྣམ་པར་བཀྲ་བའི་གཙགས་དྲུབ་བརྩམས་ཆོས་ཤིག་གིས་མི་རྣམས་ཀྱི་འཚོ་བར་འགྱུར་བ་བཏང་བ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བར་བསྐྱོད་པའི་ལམ་ཆེན་ཞིག་བཏོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号