ཀྲུང་དབྱང་བརྙན་འཕྲིན་ཁང་གིས་དངོས་བཤུས་གློག་བརྙན་ཆེ་གྲས《མེ་ཏོག་ལྷུག་པོར་གྲོལ》ཞེས་པ་མཚོ་སྔོན་དུ་ཕབ་སྐྲུན་བྱས།

 ཟླ8པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གློག་བརྙན་དངོས་བཤུས་གློག་བརྙན་ཕབ་ལེན་ལྟེ་གནས་ཀྱིས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་མཉམ་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར《མེ་ཏོག་ལྷུག་པོར་གྲོལ》ཞེས་པ་དངོས་སུ་ཕབ་སྐྲུན་བྱེད་མགོ་བརྩམས།

《མེ་ཏོག་ལྷུག་པོར་གྲོལ》ཞེས་པའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གནས། མི་ཆོས་ཀྱི་ཐོན་ཁུངས་བཅས་སྔོག་འདོན་གཏིང་ཟབ་བྱེད་པར་བརྟེན་ནས་བར་སྟོང་དང་། རིག་གནས། སྤྱི་ཚོགས། སེམས་ཁམས་སྔོག་འདོན་བྱས་པ་བརྒྱུད། གནས་ཚད་ཡོངས་ནས་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་ཀྱི་འཚར་སྡུག་གི་གྲུབ་འབྲས་དང་ལག་ལེན་མངོན་པ་དང་། དུས་རབས་གསར་བའི་རང་རྒྱལ་མི་རིགས་དྲིལ་སྒྲོག་བྱ་བའི་ཐད་ཀྱི་གསར་རྩོམ་ཞིག་ཡིན། 

《མེ་ཏོག་ལྷུག་པོར་གྲོལ》ཞེས་པ་དེ་ཀྲུང་དབྱང་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི 2024 ལོའི་གློག་བརྙན་ཆེན་པོར་བལྟ་བར་སྤྱི་ཁྱབ་ཁང་ལ་ལྟ་བའི་དངོས་བཤུས་གཙོ་གནད་གློག་བརྙན50 ཡི་གྲས་ཤིག་ཡིན་པ་མ་ཟད། མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་ཚོན་མདངས་སྣ་མང་ལྡན་པའི་མི་རིགས་ཀྱི་གློག་བརྙན་བརྩམས་ཆོས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་དགོངས་པ་གལ་ཆེན་ཞིག་ཀྱང་ཡིན། གློག་བརྙན་དེར་ཁྱོན་ལེའུ་ལྔ་ཡོད་པ་དང་། ལེའུ་རེ་རེས་བརྗོད་བྱ་གཙོ་བོ་གསལ་པོ་རེ་རེར་དམིགས་ནས་ཟུར་ཚད་མང་པོའི་ཐོག་ནས་མཚོ་སྔོན་གྱི་མི་རིགས་ཁག་གིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་རིང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱས་པ་གསལ་བོར་མཚོན་ཡོད། དེའི་ནང་དུ་ལྷག་པར་འབུར་དུ་ཐོན་པ་ནི་དངོས་བཤུས་གློག་བརྙན་གྱིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའ་”མཚོ་སྔོན་གྱི་ལག་ལེན་སྔོག་འདོན་བྱས་ཡོད། དངོས་བཤུས་གློག་བརྙན་གྱིས་མཐོང་ཚོར་དང་ཞིབ་བརྗོད་ཀྱི་བྱེད་ཐབས་སྤྱད་དེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཇི་ལྟར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མའི་ཁྲོད་མཉམ་དུ་ཡུན་རིང་འི་ལོ་རྒྱུས་འབྲི་བ་དང་མཉམ་དུ་མཚར་སྡུག་གི་རིག་གནས་གསར་སྐྲུན་བྱེད་པ། མཉམ་དུ་རླབས་ཆེན་གྱི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ། དུས་རབས་གསར་བའི་རྒྱབ་ལྗོངས་འོག་ཏུ། ལག་རྡང་མཉམ་སྦྲེལ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་གོམས་སྟབས་ལ་སྐུལ་འདེད་བཏང་བ་དེ་མཚོན་པར་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号