རྟ་རྒྱུག་འགྲན་སྡུར་བྱས་ནས་ལོ་ལེགས་དུས་ཚིགས་བསུས་པ།

རྟ་རྒྱུག་འགྲན་བསྡུར་ནང་ཞུགས་པའི་གྲོང་མི་ཚོ།

“འོང་སྐོར་དུས་ཆེན”ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པ་དང་། དེ་ནི་བོད་མི་རིགས་ཀྱིས་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་དུས་ཆེན་ཡིན་པས་ངོས་ནས་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན། 

ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས“འོང་སྐོར་དུས་ཆེན”རོལ་བ།

ལྷུན་གྲུབ་ལ“ལྷ་སའི་མེ་ཏོག་ལྡུམ་ར”དང“ལྷ་སའི་འབྲུ་མཛོད”ཅེས་འབོད་ཀྱིན་ཡོད་པ་དང་། དེའི་རང་བྱུང་གི་ས་བཅུད་འཛོམས་པའི་ས་རྒྱུ་ཡིས་ལྷུན་གྲུབ་རྫོང་དེ་ཐུན་མོང་མ་ཡིན་པའི་ས་གཤིས་གཉིས་སུ་དབྱེ་ཞིང་། རྩྭ་ཐང་དང་རྨོ་ཞིང་གིས་ལྷུན་གྲུབ་མི་གསོ་སྐྱོང་བྱས།

འཁྲབ་སྟོན་པས་བོད་ཀྱི་ལྷ་མོ་ཟློས་གར་འཁྲབ་བཞིན་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཤང་སོ་སོས་དོན་དངོས་དང་བསྟུན་རིམ་བཞིན“འོང་སྐོར་དུས་ཆེན”གྱི་བྱ་འགུལ་སྤེལ་ཞིང་། ལོ་རེར་སྤེལ་བའི“འོང་སྐོར་དུས་ཆེན”གྱི་བྱ་འགུལ་ནང་དོན་ཕུན་སུམ་ཚོགས་པ་དང་། སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར་དང་རྩ་རྩལ་འགྲན་པ། ཞབས་བྲོ་འཁྲབ་པ་སོགས་འདུས་ཡོད། 

རྟ་རྒྱུག་འགྲན་མི་ཡིས་མདའ་འཕེན་བཞིན་པ།

ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅས་གྲོང་ཚོའི“འོང་སྐོར་དུས་ཆེན”ཡུལ་དངོས་སུ《ལུས་རྩལ་པའི་མདུན་བསྐྱོད་རོལ་དབྱངས》དང་བཅས་འདམ་བཅས་གྲོང་ཚོའི“ཕུན་ཚོགས་ནགས་རའི་འོང་སྐོར་དུས་ཆེན”བྱ་འགུལ་ཡང་མགོ་ཚུགས་པ་དང་། རྟ་རྩལ་འགྲན་མི38དང་མདའ་འཕེན་མཁན38། ལྟད་མོ་པ་ཁྲི2ལྷག་གི་འབོད་སྐད་འོག་ཡུལ་དངོས་སུ་བསྐྱོད་པ་རེད།

རྟ་རྩལ་འགྲན་བཞིན་པ།

མང་ཚོགས་ཀྱིས་འགྲན་མཚམས་སུ་ཆང་དང་ཇ་འདྲེན་བཞིན་པ།

རྒྱུས་ལོན་ལྟར་ན། རྟ་རྒྱུག་འགྲན་བསྡུར་ནི་བོད་ལྗོངས་ཀྱི་ས་ཆ་སོ་སོས་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུ་བར་སྤེལ་བའི“འོང་སྐོར་དུས་ཆེན”རིང་གི་སྲོལ་རྒྱུན་རྟེན་འབྲེལ་མཛད་སྒོ་ཞིག་ཡིན། དེ་ནི་མང་ཚོགས་ཀྱིས་ཆེས་དགའ་ཞིང་དར་ཁྱབ་ཆེ་བའི་ལུས་རྩལ་སྦྱོང་བརྡར་ནང་གི་གཅིག་ཡིན།

འདི་ནི་རྟ་རྒྱུག་འགྲན་བསྡུར་ཡུལ་དངོས་ཀྱི་དྲ་གྲགས་གུང་དཀར་རྣམ་རྒྱལ་ཡིན།

ད་ལོར། ལྷུན་གྲུབ་རྫོང་གི་གྲོང་ཚོ་སོ་སོས་སྤེལ་བའི“འོང་སྐོར་དུས་ཆེན”ལ་དྲ་ཐོག་ནས་རྒྱ་ཆེའི་མི་དམངས་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། མང་ཚོགས་ཀྱི་དགའ་སྤྲོའི་འཛུམ་མདངས་དེ་ཁ་པར་བརྒྱུད་དེ་ཡང་ཚོར་སྣང་བྱེད་ཐུབ། དྲ་གྲོགས་མང་པོས་ད་ལོར་ལྷུན་གྲུབ་རྫོང་གི“འོང་སྐོར་དུས་ཆེན”ཡུལ་དངོས་སུ་ཡོང་མ་ཐུབ་ཀྱང་སང་ལོ་སྔ་མོ་ནས་གྲ་སྒྲིག་ཡག་པོ་བྱས་ནས་བཀོད་སྒྲག་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号