ང་ཚོའི་ཁྱིམ་གཞིས། ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་འགྲོ་སྐྱོད་སྟབས་བདེ་ཞིང་ཞབས་ཞུ་ཡག་པ། 

ཉེ་ཆར། “ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱེད་སྒོའི་བཅར་འདྲི་ཚོགས་པ་ལྷ་སའི་མེ་འཁོར་འབབ་ཚིགས་ཆེ་ཤོས་ཏེ། ལྷ་སའི་མེ་འཁོར་འབབ་ཚིགས་སུ་བསྐྱོད་པ་རེད།

ལྷ་སའི་མེ་འཁོར་འབབ་ཚིགས།

ལྷ་སའི་མེ་འཁོར་འབབ་ཚིགས་ནི2006ལོའི་ཟླ7པའི་ཚེས1ཉིན་དངོས་སུ་ཤར་གཏོང་བྱས་པ་དང་། དེ་ནི་མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་ས་ཚིགས་དང་། བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་འགྲུལ་སྐྱེལ་འབབ་ཚིགས་ཤིག་ཡིན། བོད་རང་སྐྱོང་ལྗོངས་དང་མཚོ་བོད་ལྕགས་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བ་དང་སྲུབས་མེད་སྦྲེལ་མཐུད་ཐུབ་ནས། བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་འགྲོ་སྐྱོད་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ7པའི་ཚེས1ཉིན་བར། ལྷ་སའི་མེ་འཁོར་འབབ་ཚིགས་ཀྱིས་ཁྱོན་འགྲུལ་པ་ཁྲི2568.6སྐྱེལ་འདྲེན་བྱས་ཡོད་པ་རེད།

སི་ཁྲོན་དཀར་མཛེས་ནས་ཡོང་བའི་བུད་མེད་གསུམ་གྱིས་ལྷ་སའི་མེ་འཁོར་འབབ་ཚིགས་སུ་མཚོ་སྔོན་ཟི་ལིང་དུ་འགྲོ་བའི་མེ་འཁོར་ལ་སྒུག་བཞིན་པ།

རྒྱལ་ཡོངས་ཀྱི་ལྕགས་ལམ་མ་ལག་གི་ལག་རྩལ་རྒྱུན་ཆད་མེད་པར་གསར་བཅོས་བྱས་པ་དང་བསྟུན་ནས། ད་ལྟའི་བར་ལྷ་སའི་མེ་འཁོར་འབབ་ཚིགས་རིག་ནུས་ཅན་གྱི་དུས་རབས་གསར་པར་སླེབས་པ་དང་། “སྤ་སེ་དང་། ལག་ཁྱེར། མི”བཅས་ཞིབ་བཤེར་གསུམ་གཅིག་གྱུར་གྱི་རིག་ནུས་མིང་དངོས་ལམ་ལུགས་ཀྱི་ར་སྤྲོད་མ་ལག་གིས་ཕྱིར་སྐྱོད་ཉམས་ལེན་དེ་བས་སྟབས་བདེ་དང་ནུས་ཆེའི་ངང་བྱེད་ཀྱི་ཡོད་པ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ནས་ཡོང་བའི་བུད་མེད་གསུམ་མེ་འཁོར་ལ་བསྡད་ནས་མཚོ་སྔོན་ཟི་ལིང་དུ་བསྐྱོད་རྩིས་ཡོད་པ་དང་། མིང་ལ་བདེ་ཆེན་ཟེར་བའི་བུད་མེད་ཀྱིས་གསར་འགོད་པར“མེ་འཁོར་འབབ་ཚིགས་སུ་ངོ་གདོང་ངོས་འཛིན་བྱས་ནས་འབབ་ཚིགས་སུ་འཛུལ་ཐུབ་པ་དེས་ང་ཚོ་ལོ་ན་བགྲེས་པའི་ཡུལ་སྐོར་བ་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ནས། ལག་ཐོགས་ཁ་པར་སྤྱོད་པ་སོགས་ཀྱི་དཀའ་གནད་ཐད་སེམས་ཁྲལ་ཡང་མེད་པར་བཟོས་ཡོད”ཅེས་བཤད།

གཞན་ཡང་། ཡུལ་སྐོར་བ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་སའི་མེ་འཁོར་འབབ་ཚིགས་ཀྱིས་བདེ་འཇགས་ཞིབ་བཤེར་བགྲོད་ལམ་དང་སྤ་སེ་ཞིབ་བཤེར་སྒོ་སོགས་འགག་རྩའི་ས་གནས་སུ་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས། ཡུལ་སྐོར་བ་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་ནས་འབབ་ཚིགས་སུ་འཛུལ་རྒྱུར་ཁྲིད་སྟོན་བྱས་ཏེ། ཡུལ་སྐོར་བ་ཚོར་ཁུག་མ་ལེན་པ་དང་། སྤ་སེ་ཞིབ་བཤེར་ཁ་ཕྱོགས་ཁྲིད་སྟོན་བྱེད་པ། དེ་བཞིན་གཙོ་གནད་ཡུལ་སྐོར་བ་ལ་རོགས་སྐྱོར་བྱེད་པ་སོགས་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། མེ་འཁོར་འབབ་ཚིགས་ཀྱིས་ད་དུང་འགྲུལ་པར་རིན་མེད་ལག་ཐོགས་ཁ་པར་གྱི་གློག་གསོག་དང་། དངོས་པོ་ཉར་ཚགས་སོགས་དམངས་ལ་སྟབས་བདེ་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་མེ་འཁོར་སྒུག་ཁང་དུ་མེ་འཁོར་ལ་སྒུག་བཞིན་པའི་འགྲུལ་པ།

ཧྲན་ཏུང་ནས་ཡིན་པའི་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་སློབ་གྲོགས་ཀྲང་ལགས་བོད་ལྗོངས་སུ་ཡུལ་སྐོར་བྱས་རྗེས། མེ་འཁོར་ལ་བསྡད་ནས་ཕྱིར་ལོག་རྩིས་ཡོད། ཁོང་གིས“ངའི་འགྲུལ་ཆས་ཅུང་ཆེ་ལ་ལྗིད་པོ་ཞིག་ཡིན། ལས་དོན་མི་སྣས་མཐོང་རྗེས། རང་འགུལ་ངང་དབོར་འདྲེན་བྱེད་རོགས་བྱས་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འདི་གར་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་ཧ་ཅང་ཡག་པོ་རེད”ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号