བོད་པའི་ཤོམ་གྱི་འགྲན་སྡུར་སྐབས་དྲུག་པ་བསང་གཞུང་རྩྭ་ཐང་དུ་སྤེལ།

 2024ལོའི་ཀྲུང་གོའི་གནས་མཆོག་བླ་བྲང་གི་བོད་པའི་ཤོམ་གྱི་འགྲན་སྡུར་དང་གཟུགས་མེད་རྒྱན་གོས་རིག་གནས་དུས་སྟོན་སྐབས་དྲུག་པ། བླ་བྲང་རྩེད་རིག་སྐབས་ལྔ་བ་བསང་གཞུང་རྩྭ་ཐང་དུ་སྤེལ།

ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་དང་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། ཟླ8པའི་ཚེས6ཉིན། 2024ལོའི་ཀྲུང་གོའི་གནས་མཆོག་བླ་བྲང་གི་བོད་པའི་ཤོམ་གྱི་འགྲན་སྡུར་དང་དངོས་མིན་རྒྱན་གོས་རིག་གནས་དུས་སྟོན་སྐབས་དྲུག་པ། བླ་བྲང་རྩེད་རིག་སྐབས་ལྔ་བ་བསང་གཞུང་རྩྭ་ཐང་དུ་སྤེལ།

བོད་པའི་ཤོམ་གྱི་གསར་གཏོད་པའམ་ཀན་ལྷོ་ལམ་ན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་བ་རྡོ་རྗེ་སྒྲོལ་མས་འདས་པའི་ལོ་ངོ་བརྒྱད་ཀྱི་རིང་བོད་པའི་ཤོམ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་མཁན་གྱི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལ་བཀའ་དྲིན་ཞུས་ཚིག་ཕུལ།

རྒྱན་གོས་ནི་རིག་གནས་དང་ལོ་རྒྱུས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དེ་ནི་མི་རིགས་གང་དང་ས་གནས་གང་དེའི་འདས་མ་ད་གསུམ་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན་པ་རེད། «བླ་བྲང་གར»གྱི་སྟངས་སྟབས་ཁྲོད་ནས་ཐེངས་འདིའི་འགྲན་སྡུར་དངོས་སུ་མགོ་བརྩམས།

ཐོག་མའི་དྲ་ལམ་བསལ་འདེམས་སོགས་བརྒྱུད། བོད་འབྲེལ་ས་ཁུལ་ཡོངས་ཀྱི་འགྲན་ཞུགས་པ་དྲུག་ཅུ་ལྷག་རྟིང་རྩོད་ཡུལ་དངོས་སུ་འབྱོར་ཡོད་ཅིང་། དེ་དག་རིགས་ཁག་ཆེན་པོ་གསུམ་དུ་བཀར་ནས་འགྲན་སྡུར་བྱས། ཤོམ་པ་རེ་རེས་བརྗིད་པའི་གོམ་དང་སྒེག་པའི་ཉམས་ཀྱིས་ཚང་མར་རྒྱན་དང་གོས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།

ཆར་རྗེས་ཀྱི་བསང་གཞུང་རྩྭ་ཐང་ནི་ལྗང་ཀྲིག་ཀྲིག་ཏུ་སྣང་ལ། མཛེས་པའི་གཟབ་འཕྱོར་སྣ་ཚོགས་སྤྲས་པའི་བུ་དང་བུ་མོའི་ལང་ཚོ་ཡི་དཔལ་དང་གཞས་པ་གཞས་མའི་འགྱུར་ཁུགས་ཚོགས་ཀྱིས་ཡུལ་འདིར་མཛེས་སྡུག་ལྷག་མ་ཞིག་བསྣན།

རྒྱན་གོས་ནི་མིའི་རིགས་ལ་དམིགས་བསལ་དུ་ཡོད་པའི་ངལ་རྩོལ་གྱི་གྲུབ་འབྲས་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་མ་ཟད། གཟུགས་ལྡན་རྒྱན་གོས་ཀྱི་ཁྲོད་ན་གཟུགས་མེད་ཀྱི་བསམ་པའི་སྟོབས་ཤུགས་དང་མཛེས་པ་སྦས་ཡོད། ཐེངས་འདིར་ང་ཚོས་མི་རིགས་རང་དང་ས་གནས་རང་གི་ཐུན་མིན་རྒྱན་གོས་ལས་གཞན་སོག་པོ་སོགས་མི་རིགས་གཞན་པའི་རྒྱན་གོས་ཀྱི་མཛེས་པ་ཡང་ཉམས་སུ་མྱངས་ཆོག མ་ཟད་སྲོལ་རྒྱུན་གྱི་རྒྱན་གོས་དང་དར་སྲོལ་གསར་བའི་རྒྱན་གོས་སོགས་དུས་སྐབས་མི་འདྲ་བ་དང་རིགས་མི་འདྲ་བའི་རྒྱན་གོས་རེ་རེའི་མཛེས་པ་ཡང་མྱངས་ཆོག

དྲ་ལམ་དང་ཡུལ་དངོས་ཀྱི་འགྲན་སྡུར། གཞན་ཆེད་མཁས་པའི་དཔྱད་གླེང་སོགས་ཛ་དྲག་གི་འགྲན་རིམ་རེ་རེ་བརྒྱུད་མཐར། ཨང་དང་པོ་གཅིག་དང་གཉིས་པ་གཅིག གསུམ་པ་གཅིག་དང་རྩེ་གྲ་བཅུ་སོགས་བདམས་ཐོན་བྱུང་སྟེ་བྱ་དགའ་བྱིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号