མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་ཐོ་འགོད་དེ་མཚོ་སྔོན་དམངས་སྲིད་ཀྱི་སྐད་འཕྲིན་སྤྱི་སྟེགས་སུ་ཐོ་འགོད་བྱས་ཆོག

ལུགས་རྙིང་གི་ཟླ7པའི་ཚེས7ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་བོའི་དུས་ཆེན་ཡིན་པ་དང་། ཀྲུང་གོའི་མཛའ་བོའི་དུས་ཆེན་དུ་འབོད་པ་ཡིན་ལ། གཉེན་སྒྲིག་ཐོ་འགོད་ཀྱི་མཐོ་རླབས་ཉིན་མོའང་ཡིན། ད་ལོའི་ཟླ8པའི་ཚེས10ཉིན་ནི་རེས་གཟའ་དྲུག་པར་འཁེལ་ཡོད་ཅིང་། རྒྱ་ཆེའི་གཉེན་སྒྲིག་ཐོ་འགོད་དགོས་མཁོ་བསྐོང་ཆེད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དམངས་སྲིད་གཉེན་སྒྲིག་ཐོ་འགོད་བྱེད་སས་ལས་སྣོན་བྱེད་པ་དང་། ས་ཁུལ་ཁ་ཤས་ཀྱིས་ད་དུང་གཉེན་སྒྲིག་བྱེད་མཁན་ལ་ལེགས་སྐྱེས་གྲ་སྒྲིག་བྱས་ཡོད། 

“བདུན་པའི་ཚེས་བདུན་ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། བརྩེ་དུང་གི་ཆེས་མཛེས་པའི་དུས་སྐབས་ཤིག་མཚོན་པ་དང་། གསར་དུ་གཉེན་སྒྲིག་བྱེད་མཁན་གྱིས་ཉིན་འདིར་གཉེན་སྒྲིག་བྱེད་པ་ཡིན། དེ་བས། ཞིང་ཆེན་དམངས་སྲིད་ཐིང་གིས་ཆེད་དུ་བརྡ་སྦྱོར་བཏང་ནས། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་རང་འགུལ་ངང་ཞབས་ཞུའི་དུས་ཡུན་རྒྱུན་བསྲིང་བྱས་ཏེ། ས་གནས་སོ་སོའི་མི་སྣ་དང་།ས་གནས་སོགས་ཀྱི་ཆ་རྐྱེན་ལྟར། ས་གནས་དོན་དངོས་ལ་རྐང་འཛུགས་པ་དང་། སྔོན་དཔག་བརྡར་གཅོད། ཚན་རིག་གི་སྒོ་ནས་ཇུས་གཞི་འགོད་པ། བརྡ་སྦྱོར་དང་དུས་བཅད་ཁྱབ་བསྒྲགས་བྱེད་པའི་བླང་བྱ་བཏོན། མང་ཚོགས་ཀྱིས‘མཚོ་སྔོན་དམངས་སྲིད་སྤྱི་སྟེགས’སོགས་ཐབས་ལམ་གྱིས་དྲ་ཐོག་ནས་གཉེན་སྒྲིག་ཐོ་འགོད་དང་ཁ་པར་དུས་བཅད་བྱས་ཆོག”ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་ལས་དོན་ཁྲུའུ་ཡི་ལས་སྒྲུབ་མི་སྣ་མཱ་ཅའེ་པིན་གྱིས་བཤད་དོན། 

ས་ཆ་མི་ཉུང་བ་ཞིག་གི་གཉེན་སྒྲིག་ཐོ་འགོད་སྡེ་ཁག་གི་འགན་ཁུར་བསྟན་དོན། གཅིག་བསྡུས་སྒོས་དཔང་ཡིག་ལེན་པའི་མཛད་སྒོ་དང་། གཅིག་བསྡུས་གཉེན་སྟོན། གཉེན་སྒྲིག་ཁྱིམ་ཚང་གི་ཚོགས་ཁྲིད། གཉེན་སྟོན་གྱི་གཤིས་སྲོལ་བཅོས་བསྒྱུར་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱེད་རྒྱུ་ཡིན་ཚུལ་བསྟན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གཉེན་སྟོན་གྱི་གཤིས་སྲོལ་བཅོས་བསྒྱུར་བྱ་བར་སྐུལ་འདེད་བཏང་ནས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། སྤྱི་གླིང་ཅན་དང་། ལྗོངས་ཁུལ་ཅན། རྩྭ་ཐང་གཤིས་སྲོལ་ཅན་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཕྱི་རོལ་དཔང་ལེན་རྟེན་གཞི་འཚོལ་ཞིབ་བྱས་པ་དང་། གཉེན་སྒྲིག་ཁྱིམ་ཚང་དང་རིག་གནས་ཡུལ་སྐོར་སོགས་ཟུང་འབྲེལ་བྱས་ཏེ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱི་སྟེགས་བུ་འཕེལ་རྒྱས་བེད་སྤྱད་དེ། གཉེན་སྒྲིག་མཁན་ལ་མཛེས་སྡུག་གི་ཕྱིར་དྲན་ཞིག་གསར་སྐྲུན་བྱེད་པའི་དུས་མཚུངས་སུ། ཕུལ་བྱུང་གཉེན་སྲོལ་རིག་གནས་དྲིལ་སྒྲོག་དར་སྤེལ་དང་། གྲོན་ཆུང་ངང་གཉེན་སྟོན་བྱེད་པར་ཁྲིད་སྟོན་བྱས་ནས། གཉེན་སྒྲིག་མཁན་ལ་ཡང་དག་པའི་གཉེན་སྒྲིག་ཁྱིམ་ཚང་ལྟ་བ་ཆགས་པར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཚུལ་བསྟན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号