ཁྲི་ཀ་རྫོང་ཆུ་ཤར་ཤང་གིས“ཏང་འཛུགས་དང་འཕྲིན་བཅར”གྱིས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཤང་གིས་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་དང་དཀའ་གནད་ལ་དམིགས་ནས།“ཏང་འཛུགས་དང་འཕྲིན་བཅར”བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཏང་འཛུགས་གི“གསར་བརྗེའི་སྣེ་ཁྲིད”དེ་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་མངོན་གསལ་ཞིག་ཏུ་གྱུར་ནས། འགལ་བ་དང་རྩོད་གཞི་སྔ་མོ་ཤེས་རྟོགས་བྱེད་པ་དང་། སྔ་མོ་ནས་སྔོན་འགོག་བྱེད་པ། ཐག་གཅོད་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

སྒོ་འབྱེད་ནས་དམངས་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱེད་པ། འཕྲིན་བཅར་གྱི་བྱ་བའི་ལམ་ལུགས་ཁྱབ་སྤེལ་གཏིང་ཟབ་གཏོང་བ་གོ་སྐབས་སུ་བཟུང་སྟེ། མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་རྒྱུན་མཐུད་ངང་ཤར་གཏོང་ཐུབ་པ་དང་། སྡེ་ཁག་གི་ཁོངས་མིས་གྱོད་དོན་འགན་གཙང་ལེན་གྱི་སྣེ་སྟོན་བྱེད་པ་དང་དུས་བཅད་ལྟར་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཐོག འཕྲིན་བཅར་མཉམ་འབྲེལ་ཚོགས་འདུའི་དུས་བཅད་བཀོད་གཏོང་དང་། གནས་བབ་དབྱེ་ཞིབ། ལས་འགན་ཞིབ་འཇུག ཕྱོགས་བསྡོམས་བསྐྱར་ཞིབ་བཅས་རྒྱུན་འཁྱོངས་བྱས། བདེ་འཇགས་འཛུགས་སྐྱོང་ལམ་ལུགས་ཇེ་ལེགས་སུ་གཏོང་བ་དང་། ལྷག་པར་དུ་གོང་གཏུག་དང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཐོན་སྲིད་པའི་མངོན་མེད་རྐྱེན་ངན་གསེད་བཀྲོལ་དང་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱས་ཏེ། བླང་བྱ་དང་བྱེད་ཐབས་ནན་མོ་སྤྱད་དེ་འགན་འཁྲི་དོན་འཁྱོལ་བྱས།

ཁྱིམ་དུ་སོང་ནས་དམངས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་པ། རྫོང་ཡོངས་ནས་ཚད་ལྡན་ཅན་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལྟེ་གནས་གསར་སྐྲུན་བྱས་པ་དང་།“སྒོ་ནང་དུ་ཐོན་པ་ནས་ཞབས་ཞུའི་སྣེ་ལེན་བྱེད་པ་དང་། གནད་དོན་རབ་དང་རིམ་པར་ཐག་གཅོད་བྱེད་པའི”དམངས་བདེ་ཞབས་ཞུའི་ལམ་ལུགས་ཁྱབ་གདལ་དུ་བཏང་བ་དང་། “8569800”དམངས་འཚོའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གསར་གཏོད་བྱས་པ་དང་། “དམངས་འཚོའི་ཞབས་ཞུའི་ཡན་ལག་རུ་ཁག་ཆུང་བ”བཙུགས་ནས་ཞུ་གཏུག་དང་ལེན་འཕྲལ་དུ“གཅིག་གྱུར་དོ་དམ་བྱེད་པར”མངོན་འགྱུར་བྱུང་བ་དང་། མང་ཚོགས་ལ་སྟབས་བདེ་བསྐྲུན།

ཁྱིམ་དུ་འཚམས་འདྲིར་ཕེབས་ནས་དམངས་ལ་དྲོ་ཁོལ་སྦྱིན་པ་དང་། གྱོད་གཞི་འཁྱེར་ནས་གཞི་རིམ་དུ་འཚམས་འདྲི་བྱེད་པའི་རྣམ་པ་སྤྱད་དེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། དམངས་དོན་དམངས་གྲོས་དང་དམངས་དོན་དམངས་གཉེར་། དམངས་དོན་དམངས་སྒྲུབ་བཅས་ལ་སྐུལ་འདེད་གཏོངབ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ཉམས་མྱོང་བེད་སྤྱོད་གཏིང་ཟབ་བྱས་པ་དང་། སྡེ་བར་འགན་གཙང་ལེན་བྱེད་པའི་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཤེས་རྟོགས་བྱེད་པ་དང་། ཤང་ཡོངས་ཀྱི་འཕྲིན་བཅར་བསྡོམས་འབོར་དུས་མཚུངས་བརྒྱ་ཆའི་ཚེག7.9མར་ལྷུང་ཡོད།

སླར་ཡར་ཁྱིམ་དུ་སོང་ནས་དམངས་ཀྱི་འདོད་བློར་དོ་སྣང་བྱེད་པ། འཕྲིན་བཅར་གྱི་གྱོད་གཞི་ཐག་གཅོད་མཇུག་འགྲིལ་རྗེས། ཁ་པར་ཐོག་ནས་འཚམས་འདྲི་བྱེད་པ་དང་། ཡུལ་དངོས་སུ་འཚམས་འདྲི་བྱེད་དུ་འགྲོ་བ་སོགས་བྱེད་ཐབས་སྤྱད་དེ། ལས་བྱེད་པ་དང་མང་ཚོགས་བར་གྱི་བར་ཐག་ཇེ་ཉེར་བཏང་ནས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཇེ་མཐོ་རུ་གཏོང་དགོས་ལ། “ཏང་དར་དམར་པོ”རིག་རྩལ་དྲིལ་བསྒྲགས་རུ་ཁག་དང་། “ལུང་སྐད་ལ་བརྟེན་ནས་སྲིད་ཇུས་སྒྲོག་སྤེལ་བྱེད་པ”ལས་བྱེད་པ་དང་མང་ཚོགས་འབྲེལ་ཐག “རྐུབ་སྟེགས་ཚོགས་འདུ”སོགས་གཞི་རྟེན་ཕྱོགས་བསྡུས་སྤྱད་དེ་གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་བཤད་པ་སོགས་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号