ཚྭ་མཚོའི་ཐོན་ལས་ལྗང་མདོག་མཐོ་རིམ་རྒྱུ་ཆ་གསར་བ་དང་ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་གཏེར་ལེན་ཁ་རུ་བཙུགས།

ཟླ8པའི་ཚེས6ཉིན། རྒྱལ་ནང་རེ་བའི་སྡེ་ཚོགས་ཀྱིས་དངུལ་གཏོང་བྱས་པའི་སྒོར་དུང་ཕྱུར52ཅན་གྱི་ཚྭ་མཚོའི་ཐོན་ལས་ལྗང་མདོག་རྒྱུ་ཆ་གསར་བ་དང་། ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དག་གཙང་ནུས་ཁུངས་དང་། སྒྲིག་ཆས་ལས་བསྣོན་ཐོན་ལས་གླིང་དུ་མགོ་བརྩམས། ལས་གཞི་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚུགས་པ་དེས་མཚོ་ནུབ་ཀྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་སྦྲེལ་མཐུད་རྒྱུན་བསྲིང་དང་། ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། ལྗང་མདོག་ཐན་ཉུང་འཕེལ་རྒྱས་ཁྲིད་སྟོན་ཡིན་པའི་དེང་རབས་ཅན་གྱི་ཚྭ་མཚོའི་ཐོན་ལས་མ་ལག་འཛུགས་སྒྲུབ་ཐད་དོན་སྙིང་གལ་ཆེན་ལྡན། 

ཚྭ་འདམ་གཞོང་སར་ཆགས་པའི་མཚོ་ནུབ་ཁུལ་དུ་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་འཛོམས་པོ་ཡོད་ཅིང་། སྒོས་སུ་ཚྭ་མཚོའི་ཐོན་ཁུངས་གསོག་ཉར་ཆེན་པོ་ཡོད་ལ། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཐད་ཐུན་མིན་གྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཁུལ་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འཐབ་ཇུས་འབོད་སྐུལ་བྱས་ཏེ། སྲོལ་རྒྱུན་ཐོན་ལས་བཟོ་བཅོས་མཐོར་འདེགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བརྒྱུད། དཔལ་འབྱོར་འཕར་བསྣོན་བྱེད་ས་གསོ་སྐྱོང་བྱས་ཏེ། ཚྭ་མཚོའི་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཐད་སྲ་བརྟན་གྱི་ལམ་བུ་ཞིག་བཏིང་། ཐེངས་འདིར་རྒྱལ་ནང་རེ་བའི་སྡེ་ཚོགས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚྭ་མཚོའི་ཐོན་ལས་ཀྱི་མཐོ་རིམ་རྒྱུ་ཆ་གསར་བ་དང་། ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་ལས་གཞིར་དངུལ་གཏོང་བྱས་པ་དེས། མཚོ་ནུབ་ཁུལ་གྱི་རང་འགུལ་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཐད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ཐོན་ལས་ལག་རྩལ་དགེ་མཚན་དང་ཚྭ་མཚོའི་ཐོན་ཁུངས་དགེ་མཚན་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་ཞིག་ཀྱང་ཡིན།  

རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེར་ལུས་སོན་ནཱ་དང་ཀའོ་ལུས་སོན་ཅ། ཀའོ་ལུས་སོན་ན། ཀའོ་ལུས་སོན་ཨན། ཡ་ལུས་སོན་ན། ཡའེ་ཏན་སོགས་ཐོན་ལས་ཏུན་ཁྲི་50དང་། ཆིང་ནུས་ཕྱོགས་བསྡུས་བེད་སྤྱོད་འཛུགས་སྐྲུན་འདུ། ལས་གཞིས་ཐོན་སྐྱེད་ལག་རྩལ་དེ་རྒྱལ་ནང་དུ་ཐོག་དང་པོ་ཡིན་པ་དང་། དུས་མཉམ་དུ་གོང་བརྗོད་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཞོར་ཐོན་དངོས་རྫས་ཕྱོགས་བསྡུས་བེད་སྤྱོད་མངོན་འགྱུར་བྱེད་པ། ནུས་མཐོ་དང་ཁོར་སྲུང་། འཁོར་རྒྱུག་ཆ་ཚང་ཡིན་པའི་ལྗང་མདོག་ཐོན་སྐྱེད་སྦྲེལ་མཐུད་ཅིག་གྲུབ་པར་བྱས་ཡོད། སྔོན་དཔག་བྱས་ན། ལས་གཞི་དེས་ལོ་རེར་ཐོན་རིན་སྒོར་དུང་ཕྱུར51མངོན་འགྱུར་བྱེད་པ་དང་། ལས་གནས1500ལས་བརྒལ་བ་མཁོ་འདོན་བྱ་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号