སྨར་ཁམས་རྫོང་གྲུ་པ་ལུང་ཤང་སྟག་ཁ་སྟེང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ལ་དྲིལ་བསྒྲགས་བྱས་པ།

ཞིང་འབྲོག་མང་ཚོགས་ལ་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཤེས་རྟོགས་བྱུང་ཚད་ཆེ་རུ་གཏོང་བ་དང་། དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། དམངས་ཕན་སྲིད་ཇུས་ཕན་ནུས་ལྡན་པའི་ངང་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད། ཉིན་ཤས་གོང་། བོད་ལྗོངས་གྲུ་པ་ལུང་ཤང་སྟག་ཁ་སྟེང་གྲོང་ཚོས་ཞིང་འབྲོག་མང་ཚོགས་ཀྱིས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་མང་ཚོགས150ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

སྒྲོག་འགྲེལ་བྱེད་སྒོར་གྲོང་སྡོད་ལས་དོན་རུ་མི་ཡེ་ཤེས་རྒྱ་མཚོས་ས་གནས་དེ་གའི་ཡུལ་སྐད་ཐོག་ནས་དམངས་ལ་ཕན་པའི་བྱེད་ཐབས་ཁག24འགྲེལ་བཤད་བརྒྱབ་པ་དང་། གཙོ་གནད་དུ་ཁོངས་གཏོགས་ཁུལ་མི་སེར་གྱིས་དོ་ཁུར་བྱེད་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁ་གསབ་བྱ་དགའ་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བེད་སྤྱོད་ཐད་ཀྱི་ཁ་གསབ། ཕྱུགས་ལས་རྒྱུད་བཟང་ཐད་ཀྱི་ཁ་གསབ། དམངས་སྲིད་རོགས་སྐྱོབ་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད། དེ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་གིས་དྲ་ཐོག་གི་སྐད་འཕྲིན་འགྲེལ་བཤད་དང་དུད་ཚང་དུ་བསྐྱོད་དེ་འགྲེལ་བཤད་བྱེད་པ་ཟུང་འབྲེལ་ནུས་ལྡན་བྱས་ཏེ། སྨན་བཅོས་རྒན་གསོ་དང་ལས་ཞུགས་བརྟན་པོ་སོགས་སྲིད་ཇུས་སྣ་ཚོགས་རྒྱུན་མཐུད་ནས་འགྲེལ་བཤད་བརྒྱབ་ཡོད་པ་རེད།

སྟག་ཁ་སྟེང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དགོས་མཁོ་དང་དམངས་ཕན་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནད་ཚབས་ལྕི་བའི་ཁྱིམ་ཚང2ལ་གནས་སྐབས་རོགས་སྐྱོབ་དང་ལོ་ན་མཐོ་བའི་རྒན་རྒོན14ལ་བདེ་ཐང་གི་ཁ་གསབ་སྤྲད་ནས་ཏང་གི་དམངས་ཕན་སྲིད་ཇུས་མིང་དོན་མཚུངས་པའི་སྒོ་ནས་མང་ཚོགས་ཀྱི་སྒོ་རྩར་སྐྱེལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号