གངས་ལྗོངས་མཐོ་སྒང་དུ་སིལ་ཏོག་སྣ་ཚོགས་འདེབས་འཛུགས་བྱས་པ།

ལྷ་སའི་གནམ་གྲུ་ཐང་མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་ཀྱི་ནས་དང་མ་རྨོས་ལོ་ཏོག་སོགས་རྒྱང་རིང་གི་གནམ་དང་ཆུ་སྔོན་མོ་དང་རེ་བས་ཁེངས་པའི་ལྗང་མདོག་གི་རི་མོ་ཞིག་ཏུ་གྲུབ།

གནས་དེ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་ཤང་ཡིན། ཆུ་ཤུར་ནི་ཡར་ཀླུང་གཙང་བོ་དང་ལྷ་སའི་སྐྱིད་ཆུའི་འདྲེས་མཚམས་ཡིན་པས་ཆུ་དྲ་མང་དུ་ཁྱབ་པ་དང་ས་རྒྱུ་བཅུད་ལྡན་པས་འབྲུ་རིགས་སྣ་ཚོགས་སྐྱེས་པར་འོས་ཤིང་འཚམ་པ་ཡིན།

འདི་ནི་ཆུ་ཤུར་རྫོང་ཚལ་སྣ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཡིན།

ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་དྲོད་ཁང་ཆེན་མོ་གྲལ་སྒྲིག་ཡོད་པ་དང་། དྲོད་ཁང་ནང་དུ་སིལ་ཏོག་གི་དྲི་ཞིམ་ཡོངས་སུ་འཐུལ་པ་རེད། འབྲི་ཏ་ས་འཛིན་བཏོག་ཁུལ་དུ་དྲི་ཞིམ་འཐུལ་ཞིང་དམར་མདོག་དང་། ཟ་འདོད་སྐྱེས་པའི་འབྲི་ཏ་ས་འཛིན་ཡལ་ག་རེ་རེ་འོག་སྐྱེས་ཚུལ་ཤིན་ཏུ་ཡག ཐོན་ལས་བཟོ་བས་དེ་བཏོག་པ་དང་ཐུམ་སྒྲིལ་བྱས་ནས་ལྷ་ས་དང་ལྷོ་ཁའི་སྒོ་རྩིས་ཚོང་ཁང་ཆེན་མོ་རུ་སྐྱེལ་བར་གྲ་སྒྲིག་བྱེད་བཞིན་ཡོད། གཞན་ཡང་ཀྲོ་མ་ཀྲུའུ་ཆུང་ཆུང་དང་འུ་སུའི་རྩ་བ་སོགས་ཀྱི་སིལ་ཏོག་གྲོང་མི་དང་ཡུལ་སྐོར་པ་གླིང་ཁུལ་དུ་བསྐྱོད་ནས་བཏོག་ཆོག་པ་རེད།

འདི་ནི་ཚལ་སྣ་གླིང་ཁུལ་ནང་གི་ལས་དོན་མི་སྣས་འབྲི་ཏ་ས་འཛིན་བཏོག་བཞིན་པའི་ཚུལ་རེད།

ཡིན་ཡང་སྔོན་ཆད། ས་གནས་གྲོང་མི་ཚོས་འདེབས་འཛུགས་བྱས་པའི་འབྲུ་རིགས་གཙོ་བོ་ནི་ནས་མ་གཏོགས་མེད། “ས་ལ་བཅུད་ལྡན་ཡང་ཉིན་མཚན་གྱི་གནམ་གཤིས་དྲོད་ཚད་འགྱུར་ལྡོག་ཆེ་བས། དྲོད་ཚད་ཆ་རྐྱེན་ཡོད་པའི་སྐྱེ་དངོས་རིགས་གསོ་སྤེལ་བྱེད་མི་ཐུབ་པ་རེད”ཅེས་གྲོང་མི་དབྱངས་ཅན་སྒྲོལ་མས་དེ་ལྟར་བརྗོད།

འབྲུ་རིགས་སྣ་ཚོགས་སྐྱེ་པའི་ཁོར་ཡག་ལེགས་བཅོས་དང་གནམ་གཤིས་དྲོད་ཚད་དང་བརླན་ཚད་ལ་གནད་ཁེལ་གྱིས་ཚོད་འཛིན་བྱ་ཆེད། ཚལ་སྣ་ཤང་གིས་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཅང་སུའུ་ཐེའུ་ཀྲུའུ་བོད་སྐྱོར་ཆེད་དོན་མ་དངུལ་ལ་བརྟེན་ནས་མུའུ་གཅིག་གི་དྲོད་ཁང72དང་མུའུ3གྱི་དྲོད་ཁང60ལས། གཞན་ཡང་རིག་ལྡན་ཤེལ་གྱི་དྲོད་ཁང་མུའུ137ཟིན་པ་ལས། དེ་བས་འབྲི་ཏ་ས་འཛིན་དང་ཀྲོ་མ་ཀྲུའུ་སོགས་ཀྱི་སིལ་ཏོག་སྣ་ཚོགས་ཚལ་སྣ་ཤང་ནས་རྩ་བ་རྒྱས་ལས་འབྲས་བུ་ཐོགས་པ་མ་ཟད། མེ་ཏོག་སྣ་ཚོགས་ཀྱང་གནས་དེ་ནས་གཞིས་ཚུགས་ནས་མེ་ཏོག་རབ་ཏུ་བཞད་པ་རེད།

འདི་ནི་དྲོད་ཁང་ནང་གི་མེ་ཏོག་རེད།

གླིང་ཁུལ་གྱིས་སྔ་རྗེས་སུ་ཧུའུ་ནན་ཞིང་ལས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་ཀྲུང་གོ་ཚན་རིག་ཁང་ལྷ་ས་ས་གཤིས་ཚན་རིག་དང་ཁྱབ་ཁོངས་འཕེལ་རྒྱས་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ལྷ་ས་ཞིང་ལས་སྐྱེ་ཁམས་ཚོད་ལྟ་ས་ཚིགས། ལྷ་ས་གྲོང་ཁྱེར་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ཀྱི་མཐོ་སློབ་དང་ཚན་ཞིབ་སློབ་ཆེན་དང་མཉམ་ལམ་གྱིས་གསར་གཏོད་སྣེ་ཁྲིད་ཀྱི་ཐབས་ལམ་གྱིས་མཐོ་སྒང་གི་ཞིས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་སྣེ་ཁྲིད་བྱས།

འདི་ནི་ས་མེད་འདེབས་འཛུགས་རེད།

རྒྱུས་ལོན་ལྟར་ན། 2021ལོར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱིས་ཆུ་ཤུར་ཚལ་སྣ་ཤང་རྒྱལ་ཁབ་ཀྱི་དེང་རབས་ཞིས་ལས་དཔེ་སྟོན་ཁུལ་བཙུགས་པ་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཚན་རྩལ་བོད་སྐྱོར་ལས་དོན་སྤེལ་མགོ་བརྩམས། 2023ལོའི་ཟླ3པར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཅན་ཕིང་གིས་ཆེད་ལས་ཚོགས་པ7གྱི་སྣེ་ཁྲིད་དེ་སློབ་ཆེན་དེའི་གྲུབ་འབྲས་བརྟན་བརླིང་ངང་བོད་ལྗོངས་སུ་ཁྱབ་གདལ་བཏང་ཞིང་དཔེ་སྟོན་ཁུལ་གྱི་སྤྱིའི་རྒྱ་ཁྱོན་མུའུ200ཟིན་པའི་ནང་མ་རྨོས་ལོ་ཏོག་དང་པད་ཁ། གྲོ་སོགས་འདུས་ཡོད།

བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཉི་འོད་ཐོན་ཁུངས་དང་དྲོད་ཚད་ཀྱིས་འབྲུ་རིགས་སྣ་ཚོགས་ཏེ་ལྷག་པར་དུ་མ་རྨོས་ལོ་ཏོག་ཐོན་ཚད་མཐོ་བའི་ཆ་རྐྱེན་སྐྲུན་པ་རེད། དབྱང་ཅན་ཕིང་གིས་གསར་འགོད་པར“ད་ལོར། ང་ཚོའི་མ་རྨོས་ལོ་ཏོག་འདེབས་འཛུགས་ལག་རྩལ་ལྷོ་ཁ་གྲོང་ཁྱེར་དུ་ཁྱབ་གདལ་བཏང་བས་མིག་སྔར་སྐྱེས་ཚུལ་ཡག་པ་རེད”ཟེར།

“སྔོན་ཆད། བཏབ་པའི་མ་རྨོས་ལོ་ཏོག་ཟས་ན་མི་ཞིམ་པས་མི་ཚང་མར་དེ་ཟ་བའི་གོམས་སྲོལ་མེད། ཡིན་ཡང་ཚོད་ལྟའི་ཞིང་དུ་མ་རྨོས་ལོ་ཏོག་ཞིམ་པོ་སྐྱེས་པས་ང་ཚོས་ས་ཞིང་དེ་ནང་དུ་ཡང་འབྲུ་རིགས་དང་སྐྱེ་དངོས་སྣ་ཚོགས་སྐྱེས་ཐུབ་པ་རྟོགས”ཞེས་ཆུ་ཤུར་རྫོང་ཚལ་སྣ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལས་དོན་མི་སྣ་ཕག་མོ་བསྟན་འཛིན་གྱིས་དེ་ལྟར་བརྗོད། ཚོད་ལྟའི་ཞིང་ནང་གི་མ་རྨོས་ལོ་ཏོག་གི་ཡལ་ག་ཕྱུགས་ཟོག་གི་གཟན་ཆས་བྱས་ཆོག་པས་མང་ཚོགས་ཀྱི་ཕྱུགས་ཟོག་གསོ་བར་གཟན་ཆས་གནད་དོན་ཐག་གཅོད་བྱས།

ཉེ་བའི་ལོ་ཤས་རིང་། ཚལ་སྣ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་ལོ་མང་པོའི་འཚོལ་ཞིབ་ཁྲོད། རིམ་བཞིན་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཞིང་། ཞིང་ལས་དེང་རབས་ཅན་གཙོ་བོར་བཟུང་ནས་ས་གནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས། མིག་སྔར། གླིང་ཁུལ་དུ་མུའུ3000ཡི་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཙུགས་ནས་ཞིང་སྡེའི་སྤྲོ་གསེང་དང་མེ་ཏོག་གི་རྒྱ་མཚོ་ལ་གཟིགས་པ། བོད་སྨན་ཁམས་གསོ། ཚན་རིག་ཁྱབ་གདལ་སློབ་གསོ། རིག་གནས་རོལ་མྱོང་གཞི་གཅིག་ཏུ་འདུས་པའི་ཚལ་སྣ་ཡིས་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号