ཞོ་སྟོན་ལྷ་མོའི་དགའ་སྟོན་ལས་ཕྱོཊ་བཞིའི་སྐུ་མགྲོན་དགྱེས་པར་བྱས།

སྤྱི་ཟླ8ཚེས4ཉིན་སྤྱི་ལོ2024ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་ཡོད། ཞོ་སྟོན་སྐབས་ལྷ་མོའི་འཁྲབ་སྟོན་གཟིགས་རྒྱུ་ནི་དུས་ཆེན་དགའ་གཏོང་བྱེད་སྐབས་མེད་མི་དུ་རུང་བའི་བྱེད་སྒོ་ཞིག་ཡིན། དེ་ཉིན་ནོར་བུ་གླིང་གའི་ནང་ནས་སྙན་འཇེབས་རྣམ་ཐར་ལྷང་ལྷང་དུ་གྲགས་ཤིང་། ངོ་མཚར་ལྷ་མོའི་འཁྲབ་སྟོན་བྱེད་བཞིན་འདུག ལྷ་སའི་གྲོང་མི་མང་ཚོགས་དང་། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་བ་མང་པོ་ཞིག་ནོར་བུ་གླིང་གར་ཕེབས་ནས་ངོ་མཚར་ལྷ་མོའི་འཁྲབ་སྟོན་གཟིགས་བཞིན་ཞོ་སྟོན་དགའ་གཏོང་བྱེད་བཞིན་འདུག ལྷ་མོའི་སྒྱུ་རྩལ་ལ་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་། བོད་རིགས་མང་ཚོགས་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

ཞོ་སྟོན་ནི་ལྷ་སའི་སྲོལ་རྒྱུན་དུས་ཆེན་གྲ་རྒྱས་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནས་དར་བ་དང་། ཐོག་མར་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན། ད་ལྟ་རིམ་བཞིན་གོས་སྐུ་འགྲེམ་སྟོན་དང་། ལྷ་མོ་འཁྲབ་སྟོན། རིག་རྩལ་བྱེད་སྒོ། གླིང་ག་དགའ་གཏོང་སོགས་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་དུས་ཆེན་ཞིག་ལ་གྱུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཞོ་སྟོན་རིང་སྲོལ་རྒྱུན་གྱི་གོས་སྐུའི་ཞལ་མཇལ་དང་། ལྷ་མོའི་འཁྲབ་སྟོན་ཕུད་ད་དུང་ནང་འདྲེན་ཚོང་ཟོག་འགྲེམ་ཚོང་དང་། རོལ་དབྱངས་དུས་ཆེན། རྟ་རྒྱུག་འགྲན་བསྡུར་སོགས་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྣེ་མང་ཕུན་ཚོགས་བྱེད་སྒོ་ལས་ཞོ་སྟོན་འཁྲུག་ཆ་དོད་པོ་དང་། དགའ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号