བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་འགོ་ཚུགས་པ།

ཚེས26ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་ལྷ་སར་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཐང་མིང་དབྱིན་གྱིས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྤེལ་བར་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་འགྲན་བསྡུར་རྣམ་གྲངས་5དང་རྣམ་གྲངས་ཆུང་ངུ42བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་ཤོ་རྩེད་དང་ཀེ་རོམ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号