རྩྭ་སྣ་ཆུ་སྣ་འཛོམས་པའི་ཡར་ཉང་འདམ་རའི་སྤྱི་གླིང་།

ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་འབྲེལ་མཚམས་སུ་ཆགས་པའི་ཡར་ཉང་འདམ་རའི་རྒྱལ་ཁབ་སྤྱི་གླིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2021ལོར་བོད་ལྗོངས་སུ་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་དེ་རེད། སྤྱི་ལོ་2021ལོའི་ཟླ་7པའི་ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་ཕེབས་མ་ཐག་ཉང་ཆུའི་ཟམ་ཆེན་ཐོག་ཕེབས་ཏེ་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་རྒྱུག་ཁོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཙང་པོ་དང་ཆུ་བོ་རྒྱུག་ཁོངས་གཙོ་བོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས་ཆུའི་ཐོན་ཁུངས་ལུགས་མཐུན་སྒོ་ནས་གསར་སྤེལ་དང་། བེད་སྤྱོད། སྲུང་སྐྱོབ་བཅས་བྱེད་པ་དང་ས་དེ་གའི་རྩྭ་རྩི་ཤིང་དང་རི་ཆུར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ལོ་གསུམ་སོང་རིང་། བོད་ལྗོངས་ཉིང་ཁྲིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ཟབ་མོ་ཡིད་ལ་འཆང་ནས་ཡར་ཉང་འདམ་རའི་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་གསལ་རྟོགས་བྱས་པའི་རྨང་གཞིའི་ཐོག་འབྱུང་ཁམས་སྲུང་སྐྱོང་གི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་དང་། འདམ་རར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོང་བྱ་གཞག་སྐས་རིམ་གསར་པའི་ཐོག་སླེབས་རྒྱུ་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད།

ང་ཚོ་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོར་སྐྱོད་སྐབས་གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་ཁོར་ཡུག་གཙང་སྦྲ་དོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་གྱི་འདུག

ཀླུ་སྟེང་གྲོང་ཚོའི་ཀྲུའུ་རེན་རིན་ཆེན་གྱིས། ལོ་གསུམ་གོང་སྤྱི་ཁྱབ་ཧྲུའུ་ཅིས་ཉིང་ཁྲིར་རྟོག་ཞིབ་གནང་བར་ཕེབས་སྐབས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་གནང་བ་རེད། ང་ཚོས་བཀའ་སློབ་སེམས་ལ་བཞག་ནས་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་སྒྲུག་པ་དང་། རི་སྐོར་ལ་འགྲོ་བ་སོགས་བརྒྱུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ཕྱིས་འབྱུང་ཡང་མུ་མཐུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས།

འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད་ཉིང་ཁྲི་གྲོང་ཁྱེར་གྱིས་ཤང་གྲོང་ཁག་ཏུ་ནགས་སྲུང་མི་སྣ་དང་དོ་དམ་པ་སོགས་བཀོད་སྒྲིག་བྱས་པས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད་གྲོང་ཚོའི་ངལ་ནུས་ལྷག་མ་རྣམས་ལས་ཞུགས་ཐུབ་པ་བྱུང་ཡོད། ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་གྲོང་མི་ཚེ་དབང་ཕུན་ཚོགས་ཀྱིས། ང་ཚོས་ཉིན་གཉིས་གསུམ་ལ་གད་སྙིགས་ཐེངས་རེ་སྒྲུག་སྟེ་ཁོར་ཡུག་གཙང་མ་ཡོང་བ་བྱེད་ཀྱི་ཡོད། ད་ཆ་གྲོང་ཚོའི་གང་སར་ཧ་ཅང་གཙང་མ་ཡོད་ཅེས་བརྗོད།

ད་ཆ། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དེ་སྔར་བས་རྩྭ་ཆུ་འཛོམས་པ་དང་། ཆུ་མོ་དེ་བས་གཙང་བ། བྱ་རིགས་ཕུན་སུམ་ཚོགས་པ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་འདུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号