གནམ་མཚོས་རང་རྒྱལ་གྱི་མཚོའུ་ཡི་གཏིང་ཚད་རིང་ཤོས་གཏོད། 

ཟླ་7ཚེས་17ཉིན། གསར་འགོད་པས་གནམ་མཚོའི་ཚན་རིག་རྟོག་ཞིབ་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནམ་མཚོའི་ཚན་རིག་རྟོག་ཞིབ་ཀྱི་གསོར་འབིགས་རྩད་ཞིབ་གཏིང་ཚད་སྨི་510.2ཟིན་ནས། རང་རྒྱལ་གྱི་མཚེའུ་ཡི་གསོར་འབིགས་རྩད་ཞིབ་གཏིང་ཚད་ཟབ་ཤོས་ཀྱི་ཟིན་ཐོ་བཏོད་པས། རང་རྒྱལ་གྱི་མཚེའུ་གསོར་འབིགས་རྩད་ཞིབ་དང་གནའ་བོའི་གནམ་གཤིས་ཞིབ་འཇུག་ཐད་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

ད་ཐེངས་ཀྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་ནི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་མཚེའུ་དང་ཁོར་ཡུག་འགྱུར་ལྡོག་ཞིབ་འཇུག་ཚོགས་པ་དང་འཇར་མན་དང་། སུའེ་ཙེར། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་དང་གསོར་འབིགས་རྩད་ཞིབ་ལག་རྩལ་མི་སྣ་ལས་གྲུབ་པ་དང་། ད་བར་རྒྱལ་སྤྱིའི་སྐམ་ས་ཆེ་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞིའི་(ICDP)ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་གསོར་འབིགས་རྩད་ཞིབ་རྣམ་གྲངས་ཤིག་ཡིན་པ་རེད།

མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་པའི་གནམ་མཚོ་ནི་རྒྱལ་ཡོངས་ཀྱི་ཆུ་ཤོང་ཚད་ཆེ་ཤོས་ཀྱི་མཚེའུ་ཞིག་ཡིན་ལ། འཛམ་གླིང་ཐོག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1000ལས་བརྒལ་བའི་མཚེའུ་ཡི་ཁྲོད་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་མཚེའུ་ཞིག་ཀྱང་རེད། གནམ་མཚོ་ནི་བཀག་རྒྱ་ཐེབས་པའི་མཚེའུ་ཞིག་ཡིན་པ་དང་། མཚེའུ་ཡི་ཆུ་རྒྱུན་མཚེའུ་འཁྱིལ་ས་ནས་མི་ཐོན་པ་དང་། འབབ་རྒྱུད་ཧྲིལ་པོའི་ཆེས་དམའ་ས་ཡིན་པར་བརྟེན། འབབ་རྒྱུད་ནང་གི་བྲག་རྡོ་དང་། ས་རྒྱུ། སྔོ་ཁེབས། ཆུ་བོ། མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཆ་འཕྲིན་འདུས་ཡུལ་ཞིག་ཡིན་པས། ཚན་རིག་ཞིབ་འཇུག་བྱེད་པའི་དོན་སྙིང་གལ་ཆེན་ཡོད།

ད་ཐེངས་ཀྱི་གསོར་འབིགས་རྩད་ཞིབ་བྱེད་གནས་དང་དེ་བཞིན་གསོར་འབིགས་རྩད་ཞིབ་ལག་རྩལ་མི་སྣ་གཙོ་བོ་ཚང་མ་རང་རྒྱལ་ནས་ཡིན་པ་དང་། འཚོལ་བསྡུ་བྱས་པའི་མཚེའུ་ཡི་བྲག་སྙིང་ནི་རང་རྒྱལ་དུ་ཡུན་རིང་སོར་འཇོག་བྱ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号