གསོན་ཤུགས་རྒྱས་པའི་བོད་ལྗོངས། མངོན་མིན་རིག་གནས་ཤུལ་བཞག་ལས་མཛེས་སྡུག་ལྡན་པའི་འཚོ་བ་མངོན། 

ཟླ་7པའི་དབྱར་གཞུང་ལ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གནས་པའི་གླུ་སྣང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་སྔོ་ཐིང་གི་ནགས་ཚལ་དང་སྤྲིན་སྨུག་གིས་ཁེངས། ལོ་ལྔ་བཅུར་སོན་པའི་ལྷོ་པ་རིགས་ཀྱི་ཨ་ཅག་ཡ་དབྱི་ས་ཐོག་ཏུ་བསྡད་དེ་རྐང་པ་གཉིས་ཀྱིས་རྐང་གདན་མནན་ཞིང་། ལག་པ་གཉིས་ཀྱིས་རས་འཐག་བཞིན་པའི་ངང་ཚུལ་ནི་རོལ་མོ་ཞིག་དཀྲོལ་པ་དང་མཚུངས་ལ་འཐག་ཁྲིའི་སྒྲའང་ཐག་ཐག་ཅེས་བསྒྲགས་བཞིན་གདའ། དེ་ལྟར་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་བཏགས་པའི་རས་དམར་ཞིག་ལས་མཇུག་བསྒྲིལ་གྲབས་ཡོད་པ་རེད།

ཡ་དབྱི་ནི་སྨན་གླིང་ལྷོ་པ་རིགས་ཀྱི་རྒྱན་གོས་“མངོན་མིན་རིག་གནས་ཤུལ་བཞག་”རྒྱུན་འཛིན་མཁན་ཞིག་ཡིན་པ་དང་། ཁྱིམ་ཚང་གི་ཆུང་མཐའ་རེད། རང་ལོ་9ལ་སླེབས་དུས་ཨ་མ་དང་མཉམ་དུ་རས་འཐག་ཐབས་སྦྱོང་འགོ་ཚུགས།

ཡ་དབྱི་ཡིས་སྐྱེས་པའི་གྱོན་ཆས་ཀྱི་འདྲ་དཔེ་ཞིག་འཁྱེར་ནས་གསར་འགོད་པར་ལྷོ་པ་རིགས་ཀྱི་སྐྱེས་པའི་གྱོན་ཆས་ཀྱི་མིང་ལ་“སྣམ་”ཟེར་བ་དང་། གྱོན་ཆས་རེ་ལ་སྨི་6ནས་8བར་གྱི་རས་དགོས་ཤིང་། མི་གཅིག་གིས་ཉིན་3ནས་4བར་འཐག་དགོས་ཀྱི་རེད་ཅེས་ངོ་སྤྲོད་བྱེད་བཞིན་དུ་“ང་ཚོ་ནི་ཚོན་ཁྲ་ཅན་གྱི་ཕྲེང་བ་དང་མགྲོན་བུ་སོགས་ཀྱི་རྒྱན་ཆ་འདོགས་རྒྱུར་དགའ་པོ་ཡོད། དམར་པོ་དང་ནག་པོ་ནི་ཆེས་ཕུལ་དུ་བྱུང་བའི་ཁ་དོག་རེད་”ཟེར།

ལྷོ་པ་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཉུང་གྲས་ཤིག་ཡིན་ཞིང་། གཙོ་བོ་བོད་ལྗོངས་ཀྱི་སྨིན་གླིང་གྲོང་ཁྱེར་དང་། མེ་ཏོག་རྫོང་། བྲག་ཡིབ་རྫོང་སོགས་སུ་ཁྱབ་ཡོད། ལྷོ་པ་རིགས་ཀྱི་རྒྱན་གོས་ནི་སྔ་དུས་འཚོལ་བསྡུ་དང་རི་དྭགས་རྔོན་པའི་རྒྱན་གོས་ལས་བྱུང་བ་ཞིག་ཡིན། གོམས་སྲོལ་ལྟར་ན་ལྷོ་པ་རིགས་ཀྱི་བུད་མེད་ཀྱི་གྱོན་ཆས་“ཅ་པེང་”(པང་གདན་)དང་“ལི་སོ་”(རྐང་ཤུབས་)སོགས་པ་ཚང་མ་བལ་ལས་བཏགས་པ་རེད། སྐྱེས་པའི་གྱོན་ཆས་སྣམ་(གྱོན་ཆས་ཆ་ཚང་) གྱི་རྒྱུ་ཆ་གཙོ་བོ་ནི་བལ་རེད།

2008ལོར། སྨན་གླིང་ལྷོ་པ་རིགས་ཀྱི་རྒྱན་གོས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་ཐོའི་ནང་བཅུག་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ད་ལྟའི་བར། བོད་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་173བཙུགས་ནས་དབུལ་སྒྲོལ་མི་གྲངས་2324ཐད་ཀར་བསྡུ་ལེན་བྱས་པ་དང་། ལས་ཞུགས་མི་གྲངས་5738སྐུལ་ཁྲིད་བྱས་ཤིང་། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.7ལྷག་ཙམ་ཟིན་ཡོད་པ་རེད།

ཡ་དབྱི་ཡིས་གསར་འགོད་པར་དེ་སྔ་ལྷོ་པ་རིགས་ཀྱིས་ཚོད་ལྟ་བྱེད་མྱོང་མེད་པའི་སྐེ་དཀྲིས་དང་དངུལ་ཁུག་སོགས་ཀྱི་རྣམ་པ་སྔར་བས་མང་དུ་ཕྱིན་ནས་སྤུས་ལེགས་སུ་ཕྱིན་ཡོད། རས་འཐག་ལག་རྩལ་བརྒྱུད་དེ་ཁོ་མོར་ལོ་ལྟར་ཡོང་འབབ་སྒོར་8000ཙམ་འཕར་ཐུབ་ཀྱི་ཡོད་ལུགས་གླེང་བྱུང་། གངས་ལྗོངས་གནས་མཆོག་ཏུ་“བུ་མོ་”དེ་བས་མང་པོས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་མཐའ་འཁྱོངས་བྱས་ནས། སྔར་ཡོད་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་གྱོན་ཆས་འཐག་པ་མ་ཟད། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་“འཚོ་བ་གསར་པར་”ཡང་རྒྱུན་ཆད་མེད་པར་རོལ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号