ཆུ་དམར་ལེབ་ཀྱིས་དེང་རབས་ཅན་གྱི་ཐོན་ལས་སྦྲེལ་ཐག་བསྐྲུན་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“འབྱུང་ཁུངས་སྒུལ་ཤུགས”ལ་སྐུལ་སློང་བྱས་པ།

ཟླ7པའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་རྫོང་མཁར་ལྷོ་ཕྱོགས་སུ་ཕྱུགས་གསོན་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་རྣམ་གྲངས་ཤིག་ལས་མཇུག་འགྲིལ་ཉེར་ཡོད་པ་དང་། བཟོ་པ་ཚོས་ལས་དུས་འཕར་སྣོན་བྱས་ནས་མཇུག་བསྡུའི་ལས་ཀ་བྱེད་བཞིན་ཡོད། ལས་གྲྭ་དེ་ནི་ཆུ་དམར་ལེབ་ཀྱིས་དེང་རབས་ཅན་གྱི་ཕྱུགས་ལས་ཐོན་ལས་སྦྲེལ་ཐག་གཏོད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཆུ་དམར་ལེབ་རྫོང་གིས“འཛམ་གླིང་གི་ནོར་གནག་སོན་ཁུངས་རྟེན་གཞི”དང“ཀྲུང་གོའི་ནོར་གནག་སོན་བཟང་གྲོང་ཁྱེར”གཏོད་རྒྱུ་དེ་འགག་གནད་སྒྲོལ་སར་བྱས་ཏེ། སོན་ལས་རིགས་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་སྟོབས་ཆེར་གཏོང་བ། དེང་རབས་ཅན་གྱི་ཕྱུགས་ལས་ཐོན་ལས་སྦྲེལ་ཐག་ཧུར་ཐག་བསྐྲུན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

ཆུ་དམར་ལེབ་རྫོང་གིས་འབྲོག་ལས་དེ་གྲངས་འབོར་ཚད་གཞི་ཅན་ནས་སྤུས་ཚད་ཕན་འབྲས་ཅན་དུ་བསྒྱུར་བའི་འདུ་ཤེས་བརྟན་པོ་བཙུགས་ནས་སོན་བཟང་གསོ་སྤེལ་དང་། ཕན་ནུས་ཆེ་བའི་གསོ་སྤེལ། གཟན་རྩྭ་འདེབས་འཛུགས་དང་ལས་སྣོན། སྔོ་ཚལ་འདེབས་འཛུགས། ཕྱུགས་གསོན་ཉོ་ཚོང་། ཞིབ་ཚགས་བགོ་བགོས། སྐྱེ་ལྡན་ལུད་ལས་སྣོན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྲོག་ལས་འཕེལ་རྒྱས་ཀྱི་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་བཙུགས་པའི“ལས་གྲྭ་ཆེན་པོ་བརྒྱད”བརྟན་པོའི་ངང་ལག་བསྟར་བྱས་པས། ཐོན་ལས་འབྲེལ་ཐག་དང་ཐོན་ལས་བཀོད་པ་ཁྱོན་ཡོངས་ནས་ཆགས་པ་རེད། མིག་སྔའི་བར་རྩྭ་ར་མུའུ་ཁྲི3308(མུའུ1≈སྤྱི་ཆིང0.0667)དང་ཕྱུགས་རིགས་མགོ་གྲངས་ཁྲི26.66ཡི་སྐྱེ་ལྡན་ར་སྤྲོད་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ར་ཆེ་ཤོས་སུ་གྱུར་ཡོད་པ་རེད།

ཆུ་དམར་ལེབ་རྫོང་གིས་སྒོར་དུང་ཕྱུར1.32བཏང་ནས་དམངས་ཡོངས་ཀྱིས་གྲོང་ཚོ་རིམ་པའི་མཉམ་ལས་ཁང14ལ་མ་རྐང་ནང་ཞུགས་པའི་རོགས་སྐྱོར་བྱས་ཏེ“ཡུས་ཧྲུའུ་ནོར་གནག”4000དང་།“བཀྲ་ཤིས་རྒྱལ་ལུག”2000ཀྱི་རྒྱུད་བཟང་གསོ་སྤེལ་རྟེན་གཞི། ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི7།“བཀྲ་ཤིས་རྒྱལ་ལུག”རྒྱ་བསྐྱེད་རྟེན་གཞི་བཅས་བཙུགས་ཡོད། རྟེན་གཞིས་རང་འཕེལ་དང་འབྲོག་དུད་ནས་ཉོ་སྒྲུབ་བྱེད་སྟངས་སྤྱད་དེ“ཡུས་ཧྲུའུ་ནོར་གནག”5000ལྷག་ཙམ་དང་། མོ་ཕྱུགས་དང་རྗེས་གྲབས་མོ་ཕྱུགས་ཁྲི2ལྷག་ཙམ་བཅས་བསྡུ་སྒྲིལ་བྱས་ནས། རྒྱུད་བཟང་གསོ་སྤེལ་མ་ལག་ཅུང་ཆ་ཚང་ཞིག་བཙུགས་ཡོད། རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་དང་ཕྱུགས་གསོ་དུད་ཚང་ཆེ་གྲས19དང“ཡུས་ཧྲུའུ་ནོར་གནག”དང“བཀྲ་ཤིས་རྒྱལ་ལུག”གི་སོན་བཟང་གཅིག་གྱུར་ཕྱིར་འཚོང་གི་གྲོས་མཐུན་བཞག་པ་མ་ཟད། རྫོང་གྲོང་དུ“ཡུས་ཧྲུའུ་ནོར་གནག”དང“བཀྲ་ཤིས་རྒྱལ་ལུག”གི་སོན་བཟང་གསོ་སྤེལ་ཐོན་ལས་གླིང་ཁུལ་བསྐྲུན་ནས་སོན་བཟང་ཕྱིར་འཚོང་ཀུང་སི་བཙུགས་ཏེ་སོན་བཟང་ཕྱུགས་གསོན་ཕྱིར་གཏོང་གཅིག་གྱུར་དོ་དམ་མངོན་འགྱུར་བྱུང་ཡོད། 2023ལོར་རྫོང་དེའི“ཡུས་ཧྲུའུ་ནོར་གནག”དང“བཀྲ་ཤིས་རྒྱལ་ལུག”གི་སོན་བཟང་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི1000ཙམ་ཟིན་པ་དང་ཁེ་སྤོགས་སྒོར་ཁྲི230བགོ་རྒྱུ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号