གསོན་ཤུགས་ཀྱི་དཔལ་འབར་བའི་གངས་ལྗོངས་ས་མཐོ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུས་པ་དང་ལྷག་པར་དུ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དེས་གངས་ལྗོངས་ས་མཐོར་གསོན་ཤུགས་གསར་པ་སྦྱིན་ཡོད།

སྤྱི་ལོ2021ལོར་བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་སྟེ་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེའི་ཐོག་ནས་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་དངོས་སུ་བོད་ལྗོངས་སུ་བསྐྱོད་ནས་བོད་ལྗོངས་ཀྱི་ལྕགས་ལམ་འཕེལ་རྒྱས་ཀྱི་ལེའུ་གསར་པ་འགོ་བརྩམས་པ་མཚོན་ཡོད། མིག་སྔར་བོད་ལྗོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ1359ཟིན་ནས་ཕྱི་ནང་སྦྲེལ་མཐུད་བྱེད་པའི་སྦྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

འདི་ལོའི་སྤྱི་ཟླ6པར་ལྷ་ས་དང་གཞིས་རྩེ་སྦྲེལ་མཐུད་བྱེད་པའི་ལྷ་སའི་རིམ་པ་མཐོ་བའི་གཞུང་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་དང་ལམ་ཚད་རྡོ་རིང་ལྟ་བུའི་ལས་གྲྭ་དེས་གྲོང་ཁྱེར་གཉིས་དབར་ཤར་གཏོང་ཐུབ་པའི་དུས་ཚོད་ཆུ་ཚོད3བར་ཆེས་ཆེར་ཐུང་དུ་བཏང་བ་དེའི་ཐོག་ནས་ལྷ་ས་ལྟེ་བར་བྱས་པའི“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་གྱི་འཁོར་རྒྱའི”དཔལ་འབྱོར་མུ་ཁྱུད་དངོས་སུ་ཆགས་པ་མཚོན་ཡོད། དཔལ་འབྱོར་མུ་ཁྱུད་དེས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་གྲོང་ཁྱེར་ལྔ་སྦྲེལ་མཐུད་དམ་ཟབ་བྱས་པས་ས་ཁོངས་ནང་ཁུལ་གྱི་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད།

གློག་ཤུགས་འཛུགས་སྐྲུན་ཐད་མཚོ་བོད་དང་། ཁྲོན་བོད། བོད་དབུས་དེ་བཞིན་མངའ་རིས་བཅས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ལེགས་གྲུབ་བྱུང་བ་དེས་བོད་ལྗོངས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མཁོ་སྤྲོད་མ་ལག་རགས་ཙམ་ཆགས་ཡོད། སྤྱི་ལོ2023ལོར་བོད་ལྗོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་གཤོང་ཚད་ཆན་ཝ་ཁྲི2414ཟིན་པ་དེའི་ནང་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གཤོང་ཚད་ཀྱིས་བསྡུར་ཚད95%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

     འགྲིམ་འགྲུལ་སྟབས་བདེ་བས་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། སྤྱི་ལོ2023ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི5517ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར651ཟིན་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས“དམངས་འཚོའི་འདུ་འགོད་ཆེ་གྲས་བཅུ”མུ་མཐུད་ལག་བསྟར་བྱས་ཏེ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ15རིང་གཞུང་གྲོན་སློབ་གསོ་སོགས་དམངས་ཕན་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号