མཛོད་དགེ་རྫོང་ནོར་སྲིད་ཅུས་ཀྱིས་ལོ་ན་རན་པའི་བུ་མོ་རྣམས་ལ་རིན་མི་དགོས་པརHPVརིམས་འགོག་སྨན་ཁབ་རྒྱག་པར་འགན་ལེན་བྱས།

རྔ་བ་ཁུལ་གྱི་དམངས་འཚོའི་དོན་དངོས་ལག་བསྟར་ཇུས་གཞིའི་བླང་བྱ་ཆེ་གྲས་བཅུ་གཞིར་བཟུང་ནས། མངལ་སྐེའི་འབྲས་སྐྲན་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་བུད་མེད་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། མཛོད་དགེ་རྫོང་གིས་ལོ་ན་རན་པའི་བུ་མོ་རྣམས་ལ་HPVརིམས་འགོག་སྨན་ཁབ་རིན་མི་དགོས་པར་རྒྱག་པའི་ལས་དོན་སྤེལ། རྫོང་ནོར་སྲིད་ཅུས་ཀྱིས་ནོར་སྲིད་མ་དངུལ་གཏོང་བའི་འགན་སྲུང་ལམ་སྲོལ་བཙུགས་ནས་རྣམ་གྲངས་བདེ་བླག་ངང་ལག་བསྟར་ལ་འགན་ལེན་བྱས། ཉིན་ཤས་སྔོན་ལ་རྫོང་ནོར་སྲིད་ཅུས་ཀྱིས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་རྫོང་སློབ་གསོ་ཅུས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་སྒོས་ལོ་9ནས་14བར་གྱི་སློབ་གྲྭར་ཡོད་པའི་བུ་མོ་རྣམས་ལ་རང་རྒྱལ་ནས་ཐོན་པའི་བྲིན་གཉིས་མངལ་སྐེའི་འབྲས་སྐྲན་གྱི་རིམས་འགོག་སྨན་ཁབ་བརྒྱབ། རེ་རེ་བཞིན་2024ལོའི་ཟླ་6པའི་ཟླ་མཇུག་དང་ཟླ་12པའི་ཟླ་མཇུག་སྔོན་ལ་སྒྲིག་འཛུགས་ལེགས་འགྲུབ་བྱུང་དགོས། རིམས་འགོག་སྨན་ཁབ་ཉོ་སྒྲུབ་མ་དངུལ་དེ་ཁུལ་རིམ་པ་དང་རྫོང་རིམ་པའི་ནོར་སྲིད་ཀྱིས་བསྡུར་ཚད་3:7ལྟར་སྔོན་རྩིས་བྱས་ལ། ཁབ་རྒྱག་པའི་ཞབས་ཞུའི་གྲོན་དངུལ་རྫོང་རིམ་པའི་ནོར་སྲིད་ཇུས་ཀྱིས་སྔོན་རྩིས་འགན་ལེན་བྱས། འགོག་ཁབ་རྒྱག་མཁན་རང་ཉིད་དང་ཁྱིམ་ཚང་གིས་རིམས་འགོག་སྨན་ཁབ་ཀྱི་རིན་པ་དང་རིམས་འགོག་སྨན་ཁབ་ཀྱི་ཞབས་ཞུའི་རིན་པ་སྤྲོད་མི་དགོས། ད་ལོ་རྫོང་རིམ་པའི་ནོར་སྲིད་ཀྱིས་གྲོན་དངུལ་སྒོར་ཁྲི་33.63ཙམ་བཏང་ནས་རང་རྫོང་གི་ལོ་ན་རན་པའི་བུ་མོ་670ལ་རིན་མི་དགོས་པར་སྨན་ཁབ་རྒྱག་པར་འགན་ལེན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号