མཚོ་སྔོན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཆུ་ལམ་གྱི་རྡོ་གསེག་སྔོག་འདོན་བྱེད་པའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།

རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་། ཆུ་བེད་པུའུ་དང་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལག་བསྟར་བྱེད་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་སྟེགས་བུ་དང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། སྐྱེ་ཁམས་ཉེན་རྟོག་དཔོན་པོའི་ལམ་ལུགས་བཅས་ཀྱི་མཉམ་འབྲེལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཀྱིས་ཉེ་ལམ་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་སྐྱེ་ཁམས་ཉེན་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་རྐྱེན་སྲོལ་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཆུ་ལམ་རྡོ་གསེག་སྔོག་འདོན་གྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་དེ2024ལོའི་ཟླ6པའི་ཟླ་སྨད་ནས་ཟླ11པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་ལ། ཆད་འགོག་མཉམ་འཛིན་དང་ཁྲིད་འགོག་ཟུང་འབྲེལ། རྩ་ལག་མཉམ་བཅོས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འབྲི་ཆུ་དང་རྨ་ཆུའི་འགོ་ཁུངས་ས་ཁུལ་དང་རང་བྱུང་སྲུང་སྐྱོབ་ས་ཆའི་ཆུ་དང་མཚེའུ། རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ཆོག་མཆན་བཀོད་པའི་ཆུ་ལམ་རྡོ་གསེག་བཟོ་གྲྭའི་ཆུ་ལམ་རྡོ་གསེག་བེད་སྤྱོད་ལས་གཞི་བཅས་གཙོ་གནད་དུ་བྱེད་པ། ཆུ་ལམ་གྱི་རྡོ་གསེག་ཁྲིམས་དང་འགལ་ནས་སྔོག་འདོན་བྱེད་པ་དང་ཆུ་ལམ་རྡོ་གསེག་སྔོག་འདོན་སྐྱེལ་འདྲེན་དོ་དམ་གྱི་གསལ་ཕྲ་ལམ་ལུགས་ལག་བསྟར་བྱེད་ཚད་མི་འདང་བ་དང་། ཆུ་ལམ་རྡོ་གསེག་སྔོག་འདོན་དོ་དམ་ཚད་ལྡན་མིན་པ་སོགས་ཕྱོགས་དགུའི་ཐད་ཀྱི་གནད་དོན་གཙིགས་འཛིན་བྱེད་པ། མཐིལ་རྟོགས་བརྟག་བཤེར་དང་ཁྲིམས་འཛིན་རྡུང་རྡེག་བྱེད་པ་དང་། གཅིག་བསྡུས་བཅོས་སྐྱོང་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་པ། སྤྱི་སྡོམ་སྲ་བརྟན་བྱེད་པ་བཅས་ཀྱི་དུས་རིམ་བཞི་བརྒྱུད་དེ། ཁྲིམས་ལྟར་ཁྲིམས་འགལ་རྡོ་གསེག་སྔོག་འདོན་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་པ། སྒྲིག་ལམ་དང་འགལ་ནས་སྔོག་འདོན་སྐྱེལ་འདྲེན་དོ་དམ་གསལ་ཕྲ་བཀོལ་སྤྱོད་བྱེད་པའི་སྤྱོད་ཚུལ་ལ་དག་ཐེར་ལེགས་བཅོས་བྱེད་པ། ཆུ་ལམ་གྱི་རྡོ་གསེག་སྔོག་འདོན་སྒྲིག་ལམ་སྲུང་སྐྱོབ་བྱས་ནས། ཆུ་ཚད་མཐོན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་རྒྱུ་རེད།

བྱ་བའི་ཇུས་གཞིའི་ནང་། ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་དེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་འགན་གཙོ་བོའི་ཁྲོད་འཇོག་པ་དང་། རྩ་འཛུགས་འགོ་ཁྲིད་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། རྡོ་གསེག་སྔོག་འདོན་དོ་དམ་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་དེ་ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། བྱ་བའི་ཚད་གཞི་ནན་མོ་བྱེད་པ། བྱ་བའི་སྒྲིག་ལམ་ཇེ་དམ་དུ་བཏང་སྟེ། ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号