དཔའ་ལུང་རྫོང་གིས་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ནས་སྡེ་བ་རིམ་པའི་རྗེས་གྲབས་དཔུང་ཁག་སྟོབས་ཆེར་བཏང་བ།

ཉེ་བའི་ལོ་འགའི་རིང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས《མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་འགུལ་འཆར་གཞི》དང་ཞིང་ཆེན། གྲོང་ཁྱེར་ཨུ་ལྷན་གྱི་འབྲེལ་ཡོད་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། གྲངས་ཉུང་མི་རིགས་རྫོང་གི་དམིགས་བསལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་པ་དང་ཞིང་ཆེན་ཨུ་ལྷན་གྱི“223”གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་པ་བརྒྱུད། སྡེ་བ་རིམ་པའི་རྗེས་གྲབས་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་རེད།

ལམ་ལུགས་དང་བྱེད་ཐབས་འཛུགས་པ་དང་འཐུས་ཚང་དུ་བཏང་བ། ཤེས་ལྡན་མི་སྣ་ཕྱིར་འདྲེན་བཟོ་འགོད་བཏོན་ནས། མིག་སྔར་བསྡོམས་པའི་མི2282ཟིན་པའི་ཤེས་ལྡན་མི་སྣའི་མཛོད་བཙུགས་པ་རེད། སྡེ་བ་རིམ་པའི་རྗེས་གྲབས་ཤེས་ལྡན་མི་སྣའི་འགུལ་རྣམ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་ཕྱིར་འདྲེན་ལས་དོན་ལེགས་པོ་བསྒྲུབས་ནས་བསྡོམས་འབོར1879ཟིན་པའི་སྡེ་བ་རིམ་པའི་རྩ་འཛུགས་རྗེས་གྲབས་ཤེས་ལྡན་མི་སྣའི་འགུལ་རྣམ་དོ་དམ་མཛོད་འཛུགས་ཡོད་ལ། དུས་བཅད་ལྟར་ཆེད་དོན་གྲོས་ཚོགས་འཚོགས་ནས་ཤང་དང་གྲོང་རྡལ་སོ་སོའི་ཤེས་ལྡན་མི་སྣ་གསོག་འཇོག་ལས་དོན་གྱི་གནས་ཚུལ་ཉན་པ་དང་། གནས་པའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ཏེ། དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་བྱས།

དོ་དམ་སློབ་གསོ་གསོ་སྐྱོང་ལ་མཐོང་ཆེན་བྱས་པ། གཅིག་སྡུད་རེས་མོས་སྦྱོང་བརྡར་བཟོ་འགོད་ལག་བསྟར་བྱེད་པ་དང་ཏང་གཤིས་སློབ་གསོའི་རྟེན་གཞི་གསར་སྐྲུན་བྱེད་པ། སྡེ་བའི་ལས་བྱེད་པར་སློབ་གཉེར་བརྒྱུད་རིམ་བྱང་ཚད་མཐོ་རུ་གཏོང་བའི་འཛིན་གྲྭ་སྙན་ཞུ་འབུལ་བར་སྐུལ་མ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྫོང་ཡོངས་ཀྱི་སྡེ་བའི་ལས་བྱེད་པ་དང་གྲོང་གསེབ་ཀྱི་ཏང་ཡོན་གསོ་སྦྱོང་ཡོངས་སུ་ཁྱབ་ཐུབ་པ་བྱུང་ནས་སྡེ་བའི་ལས་བྱེད་པའི་དཔུང་ཁག་གི་ནུས་པའི་བྱང་ཚད་དང་རིག་གནས་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་སྡེ་བའི་ལས་བྱེད་པའི་དཔུང་ཁག་གི་འགན་འཁྲི་སྒྲུབ་པའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་སློབ་གསོ་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ནུས་པ་ཞན་པ་དང་དུས་ཡུན་རིང་པོར་ལས་གནས་སུ་བསྡད་མེད་པ་སོགས་སྡེ་བའི་ལས་བྱེད་པ་ཁྲིམས་བཀོད་གོ་རིམ་བརྒྱུད་བརྗེ་རེས་བྱས་ཏེ་སྡེ་བའི་ལས་བྱེད་པའི་དཔུང་ཁག་བརྟན་བརླིང་དང་གསོན་ཤུགས་འགན་ལེན་བྱ་རྒྱུ་རེད། 2021ལོ་ནས་ད་བར་དུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི12དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི22ལེགས་སྒྲིག་བྱས་ཡོད། 《ཁྱིམ་ཐོ་དཔའ་ལུང་གི་སློབ་ཆེན་སློབ་མ་སྡེ་བ་རུ་ལས་འགན་འཁུར་བར་ཁྲིད་སྟོན་བྱེད་པའི་འགུལ་སྐྱོད་འཆར་གཞི》འགྲེམ་སྤེལ་བྱས་པ་དང་། མིག་སྔའི་བར་སློབ་ཆེན་སློབ་མ12སྡེ་བའི“ཨུ་ལྷན་གཉིས”ཀྱི་དཔུང་ཁག་ནང་ཞུགས་ཡོད་པ་དང་། སློབ་ཆེན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས་སུ། ཕན་འབྲས་ཡོད་པའི་སྒོ་ནས་སྡེ་བའི་ལས་བྱེད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号