མུའུ་ཁྲི་ཅན་གྱི་ནས་ཞིང་གི་སྐྱེ་ཚུལ་ཧ་ཅང་བཟང་།

ནས་ནི་མཚོ་བོད་ས་མཐོའི་ཞིང་ལས་སྐྱེ་དངོས་གཙོ་བོ་ཞིག་ཡིན་པ་དང་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ནས་འདེབས་འཛུགས་རྟེན་གཞི་ཆེ་ཤོས་ཡིན་པའི་ངོས་ནས་ཀོས་ནན་རྫོང་གིས་ས་ཁམས་དང་གནམ་གཤིས། ས་རྒྱུ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནས་གསར་པ་འདེབས་པ་ཁྱབ་གདལ་བཏང་ནས་ནས་ཀྱི་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་རོང་འབྲོག་མང་ཚོགས་ཀྱི་ཐོན་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ཡོད།   

ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ནས་འདེབས་འཛུགས་རྟེན་གཞི་ཆེ་ཤོས་དེ་ཡོད་ཅིང་།མུའུ་ཁྲི་ཡི་ནས་ཞིང་ལ་མུ་མཐའ་མེད་བྲལ་ཞིང་བསིལ་རླུང་གིས་དལ་བར་གཡོ་བཞིན་ཡོད། དུས་འགོའི་འདེབས་འཛུགས་དང་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད། ད་ལོའི་ནས་སྐྱེ་ཚུལ་ཧ་ཅང་བཟང་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད། ཞིང་ལས་ལག་རྩལ་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།    ད་ལོའི་གནམ་གཤིས་འཚམ་པ་དང་ཆར་ཆུ་འབབ་ཚད་ཆེ་བས་ནས་སྐྱེ་འཚར་ལ་ཕན་ཡོད་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད། མིག་སྔར་ནས་ནི་འགག་རྩའི་སྐྱེ་འཚར་དུས་མཚམས་སུ་སླེབས་ཡོད་པས་སྔོན་དཔག་བྱས་ན་ལོ་ལེགས་བྱུང་ནས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་རེ་བ་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号