བོད་ལྗོངས་ཀྱི་བུད་མེད་གཞུང་ཞབས་པའི་བསྡུར་ཚད་བཅུ་ཆའི་གསུམ་ལས་བརྒལ་ཡོད།

བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས་ཚེས26ཉིན་བསྡུས་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་འཁོར65ལོན་བར་རྗེས་དྲན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་བོད་ལྗོངས་ཀྱི་བུད་མེད་གཞུང་ཞབས་པའི་བསྡུར་ཚད་ཀྱིས་གཞུང་ཞབས་པའི་བསྡོམས་འབོར་གྱི33.2%བཟུང་ཡོད།

པར་འདི་ནི2024ལོའི་ཟླ1པོའི་ཚེས9ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་གྲངས་ཉུང་མི་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ནམ་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་འཕགས་མོ་ཆོས་སྒྲོན་ཚོགས་འདུར་ཞུགས་པའི་རྣམ་པ་རེད།

ཚེ་རིང་གཡང་འཛོམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་བུད་མེད་འཐུས་མི་དང་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བུད་མེད་འཐུས་མི། སྲིད་གྲོས་ཀྱི་བུད་མེད་ཨུ་ཡོན་བཅས་ཀྱིས་སོ་སོར17%དང13.95%། 9.36%བཅས་བཟུང་ཡོད་ལ། དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་འཐུས་མི་དང་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བསྡུར་ཚད་སོ་སོར32.4%དང་། 30.4%། 28.1%ལ་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད་ཅེས་བཤད།

ཁོ་མོས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་བུད་མེད་འདྲ་མཉམ་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་པས། བུད་མེད་དག་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པའི་གར་སྟེགས་སྔར་བས་རྒྱ་ཆེན་པོ་རེད། བོད་ལྗོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་བུད་མེད་ཀྱི་བསྡུར་ཚད40%ཡན་དུ་ཟིན་པ་དང་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣའི་ཁྲོད་བུད་མེད་ཀྱིས42.9%བཟུང་ནས་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཏུ་གྱུར་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཨུ་ལྷན་དང་གྲོང་མི་ཨུ་ལྷན་གྱི་མགོ་ཁྲིད་ཁྲོད་བུད་མེད་ཡོད་པ་དང་ལྗོངས་ཡོངས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་མི་སྣའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཁྲི4ལ་སླེབས་ཡོད།

ར་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། མིའི་རིགས་ཀྱི་ཆེད་མཁས་པ་པད་མ་མཚོ་ཡིས་བོད་ལྗོངས་ནག་ཆུའི་ལྷ་རི་རྫོང་གི་རོང་འབྲོག་པའི་ཁྱིམ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།

ཚེ་རིང་གཡང་འཛོམས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་རིགས་སོ་སོའི་སློབ་གསོ་མྱངས་བའི་ཕོ་མོའི་ཧེ་བག་གཞི་རྩའི་ཆ་ནས་མེད་པར་གྱུར་ནས། ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཁབ་ཀྱི་ཐབས་ཇུས་མི་སེམས་སུ་ཟུག་པར་བྱས་ཏེ། མཐོ་རིམ་སློབ་གསོ་དཀྱུས་མ་དང་ཞིབ་འཇུག་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་ཀྱི་ཁྲོད་བུད་མེད་ཀྱི་སློབ་གྲྭ་འགྲིམ་བཞིན་པའི་བསྡུར་ཚད50%ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་བོད་ལྗོངས་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་ཚད98.02%ལ་སླེབས་ཡོད་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་བའི་ཚད་བོད་ལྗོངས་ཞི་བའས་བཅིངས་འགྲོལ་བྱས་པའི་དུས་མགོའི5000/10ཁྲི་དང430‰ནས་ད་ལྟའི45.8/10ཁྲི་དང7‰བར་མར་ཆག་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་བུད་མེད་སོ་སོར་མི་ཁྲི117.73དང161.52ལ་སླེབས་ཡོད་པ་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི11ཡོད་པ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཚད་གཞི་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་ནས་མཐོ་ཤོས་མི་རེར་ཟླ་རེར་སྒོར1662ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号