མངོན་མིན་རིག་གནས་ཤུལ་བཞག གཙང་གི་གཟིགས་མོལ་ཆེན་མོ།

སྤྱི་ཟླ9པའི་ཚེས17ཉིན་ནས་བཟུང་བོད་ལྗོངས་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པའི་སྲོལ་རྒྱུན་འཆམ་གཟིགས༼གཙང་གི་གཟིགས་མོལ་ཆེན་མོ༽མགོ་ཚུགས་ཡོད། 

དེ་ཡང་གཙང་གི་གཟིགས་མོལ་ཆེན་མོ་ནི་བོད་ཟླ8པའི་ཚེས3ནས་ཚེས6ཉིན་བར་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ཉེ་འཁོར་དུ་སེར་སྐྱ་མང་ཚོགས་ལྷན་འཛོམས་ཀྱིས་འཆམ་ལ་གཟིགས་པའི་དུས་ཆེན་ཞིག་ཡིན་ཞིང་། དེ་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་སྐབས་ནས་དར་ཏེ་ད་བར་ལོ་ངོ200ལྷག་གི་ལོ་རྒྱུས་ལྡན་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པའི་སྐབས་དགོན་སྡེ་གཞན་པའི་འཆམ་གྱི་ལེགས་ཆ་བསྡུས་པས་སྔར་བས་འཁྲུག་ཆ་དོད་ཅིང་འཐུས་སྒོ་ཚང་བར་གྱུར། འཁྲབ་སྟོན་གཙོ་བོ་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་འཁྲབ་སྟོན་བྱེད་པའི་འཆམ་གཟིགས་ཡིན་ཞིང་། ཞོ་རུ་ལྷ་མོའི་འཁྲབ་སྟོན་དང་དམངས་ཁྲོད་ཀྱི་རིག་རྩལ་སྣ་ཚོགས་ཉིན་ཁ་ཤས་རིང་ལྟ་རྒྱུ་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གི་གཟིགས་མོལ་ཆེན་མོ་འདི་ཉིད་སྤྱི་ལོ2006ལོར་དུས་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་ཞིན་གྱི་མིང་ཐོའི་ནང་ཚུད་པ་དང་། མིག་སྔར་དུས་རབས་ཀྱི་འཕོ་འགྱུར་དང་ཡུལ་སོ་སོའི་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་འོག་ལོ་རེའི་དུས་མཆོད་སྐབས་ཆོས་ལུགས་ཀྱི་བྱེད་སྒོ་ལས་ཡོངས་སུ་བརྒལ་ཏེ་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་དང་བསྟུན་ནས་འཁྲབ་སྟོན་གྱི་ནང་དོན་དང་རྣམ་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་མང་ཚོགས་རང་བཞིན་གྱི་དུས་ཆེན་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号