དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། རྒྱལ་ཁབ་དང་མི་དམངས་ཀྱི་དོན་དུ་སེམས་འཁུར་བྱེད་པ་དང་རྒྱལ་གཅེས་དམངས་གཅེས་ཀྱི་བརྩེ་སེམས་བཅངས་ནས་མེས་རྒྱལ་དང་མི་དམངས་ལ་རྒྱུན་འཆད་མེད་པར་བྱས་རྗེས་འཇོག་དགོས་པ་དང་། མི་ཚེ་གང་བོར་སྤྲོ་སེམས་ཆེན་པོས་དོན་གཉེར་དང་མི་ཚེ་གང་བོར་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་ཐོག་ནས་རྒྱལ་གཅེས་རིང་ལུགས་ཀྱི་དུང་སེམས་མཚོན་དགོས་ལ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་སེམས་ཀྱི་དབུས་སུ་ལྷབ་ལྷུབ་ཏུ་སྐྱོད་པར་གྱིས་ཤིག།
-----འདི་ནི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་གནད་བསྡུས་ཤིག་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注