མདོ་ལ་རྫོང་གིས་ཧཱ་ཨར་པིང་དུ་སྐྱེ་ཁམས་གནས་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས།

རིག་གནས་གནས་སྐོར་གྱི་ཐོན་ལས་ལས་རྣམ་གསར་གཏོད་དང་གཞི་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་མདོ་ལའི་སྐྱེ་ཁམས་གནས་སྐོར་རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ས་གནས་རང་གི་སྲོལ་རྒྱུན་རིག་གནས་ཐོན་རྫས་གསར་གཏོད་ཐོན་རྫས་སུ་སྤོ་བསྒྱུར་དང་། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་སྐྱེ་ཁམས་གནས་སྐོར་ཆས་རྟགས་ཀྱི་ཤེས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་སུ་གཏོང་ཆེད། ཟླ1པའི་ཚེས4ཉིན། རབ་མཛེས་མཚོ་སྔོན་དང་དག་སྣང་མཚོ་བྱང་། ལྷ་ཁམས་མདོ་ལ་ཡི་སྐྱེ་ཁམས་གནས་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་ཧཱ་ཨར་པིང་དུ་རྒྱལ་ཁའི་ངང་འཚོགས། འདི་ནི་མདོ་ལ་རྫོང་གིས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུངས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་ཡིན་ལ། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བསྐྲུན་པ། ཧའེ་ལུང་ཅང་ཞིང་ཆེན་གྱི་གངས་འཁྱགས་གནས་སྐོར་སྟོབས་ལྡན་ཞིང་ཆེན་བསྐྲུན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་། ས་གཉིས་ཀྱི་རིག་གནས་གནས་སྐོར་ལེགས་ཆ་ཕན་ཚུན་ཁ་སྐོང་དང་གྲུབ་འབྲས་མཉམ་སྤྱོད་ལ་ཤུགས་བསྣན་ནས་མདོ་ལ་རིག་གནས་གནས་སྐོར་བྱ་གཞག་གི2025ལོའི“ལོ་མགོ་ཡག་པོ”མངོན་འགྱུར་བྱེད་པའི་ནུས་ལྡན་ཚོད་ལྟ་དང་འཚོལ་ཞིབ་ཐེངས་གཅིག་ཡིན།

ཧའེ་ལུང་ཅང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་ཚོང་གཉེར་ཁྱབ་སྤེལ་ཁྲུའུ་ཡི་རིམ་པ་གཉིས་པའི་ཞིབ་དཔྱོད་པ་ཞིའུ་ཏེ་ལེན་དང་། ཀྲུང་གུང་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ། ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཝང་ཞིན། རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན། ཧའེ་ལུང་ཅང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་ཚོང་གཉེར་ཁྱབ་སྤེལ་ཁྲུའུ་ཡི་རིམ་པ་དང་པོའི་ཀྲུའུ་རིན་ལིའུ་ཞོན་སོགས་འགོ་ཁྲིད་འགོ་རྩོམ་མཛད་སྒོ་དང་འབྲེལ་ཡོད་བྱེད་སྒོར་མཉམ་ཞུགས་བྱས།

རབ་མཛེས་མཚོ་སྔོན་དང་དག་སྣང་མཚོ་བྱང་། ལྷ་ཁམས་མདོ་ལ་ཡི་སྐྱེ་ཁམས་གནས་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུས་མདོ་ལ་རྫོང་གི་ཐུན་མིན་གྱི་རང་བྱུང་བཀོད་པ་དང་མི་ཆོས་ཡུལ་ལྗོངས། ལོ་རྒྱུས་རིག་གནས། སྐྱེ་ཁམས་ཐོན་ཁུངས་བཅས་ཕྱོགས་ཡོངས་ནས་ཕྱི་རུ་མངོན་ཞིང་། མེས་རྒྱལ་བྱང་རྒྱུད་ཡུལ་ལྗོངས་དང་མདོ་ལ་ལྷ་ཡི་ཞིང་ཁམས་ཟུང་གིས་མཉམ་དུ་འཕེལ་རྒྱས་ཀྱི་གཞས་གསར་སྒྲོག་པ་ལ་བརྟེན་ནས་མདོ་ལ་ཡི“མགྲོན་གཅེས”རྣམ་པ་ཁྱོན་ཡོངས་ནས་མགོ་བརྩམས། རྒྱལ་ཡོངས་ས་ཆ་སོ་སོའི་གནས་སྐོར་པ་མདོ་ལ་རུ་ཡོང་ནས“མདོ་ལར་ཕྱིན་ཚེ་རི་གཞན་ལྟ་འདོད་མེད”པ་ཡི་མཛེས་སྡུག་ཡུལ་ལྗོངས་ལ་རོལ་མྱོང་དང་། “མདོ་ལ་རིང་མོ་འདབས་ཀྱི་ཕྱུགས་ར་བཟང་བོ”ཡི་དཀྱེལ་ཡངས་དང་རྔམ་བརྗིད་ལ་ཉམས་སུ་མྱོང་བར་གདན་ཞུ་བྱས་པ་ཡིན། “བར་ཐག་ཉེ་པོ”ཡི་འབྲེལ་འདྲིས་དང་མཉམ་ལས་བརྒྱུད། རིག་གནས་གནས་སྐོར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཕན་ནུས་མཐོ་རུ་གཏོང་བ་དང་། རིག་གནས་གནས་སྐོར་ཁེ་ལས་ཀྱི་རིན་ཐང་གསར་གཏོད་དང་རིན་ཐང་ཐོན་སྤོར་ནུས་པ་སྟོབས་ལྡན་དུ་བཏང་ནས་གཞི་གསར་ཐོན་སྐྱེད་ནུས་ཤུགས་དེ་རིག་གནས་གནས་སྐོར་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་སུ་བསྒྱུར་ཏེ་ཞིང་ཆེན་ཕྱི་ནང་གི་ཚོང་བ་དང་འཇོན་མི་མདོ་ལ་རུ་དྲངས་ནས་ཐོན་ལས་དར་སྤེལ་དང་ཡིད་འོང་ཁྱིམ་གཞིས་མཉམ་སྐྲུན་བྱ་དགོས།

མགོ་རྩོམ་མཛད་སྒོའི་སྟེང་མཱ་ཞའོ་ཆིན་དང་མདོ་ལ་རྫོང་རིག་གནས་གནས་སྐོར་འོས་སྦྱོར་དཔོན་གྱིས་སྔ་རྗེས་སུ“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་དང་གཟིགས་སྐྱོང་སྲིད་ཇུས། ཁྱད་ཆོས་ཅན་གྱི་མཛེས་ལྗོངས་ཁུལ། སྤུས་ལེགས་ལམ་ཐིག་སོགས་ཀྱི་ཐད་ནས་འོས་སྦྱོར་བྱས། ད་དུང་མདོ་ལ་རྫོང་གི་ལོ་གསར་བའི་རིག་གནས་གནས་སྐོར་གཏིང་ཟབ་མཉམ་འདྲེས་ཀྱི་སྲིད་ཇུས་དང་ལས་གཞི་ཞིབ་ཕྲའི་སྒྲོག་འགྲེལ་བྱས་ཤིང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བསྐྲུན་པའི་ཐད་ཀྱི་འདུ་ཤེས་དང་ཆོད་སེམས་ཕྱིར་མཚོན་བྱས།

འོས་སྦྱོར་ཚོགས་འདུའི་སྟེང་མདོ་ལ་རྫོང་མི་རིགས་སྒྱུ་རྩལ་ཚོགས་པས་རྒྱལ་ཁབ་གཟུགས་མེད་ཤུལ་བཞག་རིག་གནས《ཨ་རིག་གླུ་ཤགས》སོགས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་པར་མ་ཟད། ཡུལ་དངོས་སུ་མདོ་ལའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་བྱས་ཡོད། “ཐོན་རྫས་འགྲེམས་སྟོན+ཚོང་རྫས་ཕྱིར་འཚོང+ཉོ་འཚོང་སྤེལ་རེས+བྱ་དགའ་རྒྱན་འགུག+བྲོ་གར་མཉམ་རོལ”གྱི་རྣམ་པས་ཧཱ་ཨར་པིང་གི་སྡོད་དམངས་དང་རྒྱ་ཆེའི་གནས་སྐོར་པ་ལ“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་དང་། རིག་གནས་གསར་གཏོད་ཐོན་རྫས་ཁྱོན་ཡོངས་ནས་ཕྱིར་མཚོན་བྱས་པ་མ་ཟད། མདོ་ལའི་ཡིད་འོང་གི་པང་ཁུག་ལ་བསྐྱོད་འདོད་ཀྱི་འདུན་མ་སྔར་བས་ཤུགས་དྲག་ཏུ་བཏང་།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་གངས་འཁྱགས་དཔལ་འབྱོར་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འཕེལ་རྒྱས་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད་ལ། “ཐོན་ཁུངས་འཁྱགས་པོ”ཡིས“ཐོན་ལས་དྲོན་པོ”གསོས་ཤིང་། “དགུན་དུས་མདོ་ལར་སྐོར་བ”ཡི་ཆས་རྟགས་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན། རབ་མཛེས་མཚོ་སྔོན་དང་དག་སྣང་མཚོ་བྱང་། ལྷ་ཁམས་མདོ་ལ་ཡི་སྐྱེ་ཁམས་གནས་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པ་འདིས་ས་གཉིས་ཀྱི་དཔལ་འབྱོར་རིག་གནས་སྤེལ་རེས་མཉམ་སྐྱོད་ལ་ལས་སྟེགས་གསར་བ་བསྐྲུན་ཞིང་། མདོ་ལ་དང་ཧཱ་ཨར་པིང་གི་རིག་གནས་གནས་སྐོར་བརྗེ་རེས་མཉམ་ལས་ཐད་རབ་བྱེད་གསར་བའི་མགོ་བརྩམས།

རྫོང་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཆ་འཕྲིན་ཅན་ཅུ། རིག་གནས་གནས་སྐོར་རྒྱང་བརྙན་ཅུ། ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ་སོགས་ཀྱི་སྡེ་ཚན་འགན་ཁུར་བ། ཧྲན་ཏུང་པིང་ཀྲོའུ་ཡི་མཚོ་རོགས་ལས་བྱེད་འཐུས་ཚབ། མདོ་ལའི་རིག་གནས་གནས་སྐོར་ཁེ་ལས་འཐུས་ཚབ། ཀྲུང་གོ་གསར་བརྗེ་ཚགས་པར། ཀྲུང་ཞིན་ཧྲེ། ཞིན་ཧྭ་དྲ་བ། སུའོ་ཧོ། ཧྥེང་ཧོང་དྲ་བ་སོགས་གསར་འགྱུར་སྨྱན་སྦྱོར་གསར་འགོད་པ་དང་ཧའེ་ལུང་ཅང་རྒྱ་མཚོ་རྒྱལ་སྤྱིའི་གནས་སྐོར། ཧཱ་ཨར་པིང་གྲོང་ཁྱེར་གནས་སྐོར་ཚོགས་པ་སོགས་ལས་ཁུངས2འོས་སྦྱོར་ཚོགས་འདུའི་སྟེང་ཐོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号